ཧུང་ཡོན་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་གྱི་ཚོད་མ་ཨོ་སུན་ལ་ལོ་ལེགས་བྱུང་།

2.jpg

པར་འདི་ནི་ཞིང་བ་རྣམས་ཀྱིས་ལས་ཀ་ལས་བཞིན་པའི་ཚུལ་རེད། 

3.jpg

པར་འདི་ནི་ཞིང་བས་ཚོད་མ་ཨོ་སུན་ལ་ཐུམ་རྒྱག་བྱེད་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས3ཉིན་ཧུང་ཡོན་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་སྐྱ་དྭངས་གྲོང་ཚོས་ཞིང་བ་རྣམས་ཀྱིས་ཞིང་ཁར་ཚོད་མ་ཨོ་སུན་བཏོག་པའི་ལས་ལ་བྲལ། 

མིག་སྔར། ཧུང་ཡོན་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་དུ་ཚོད་མ་ཨོ་སུན་བསྡུ་བའི་དུས་ལ་སླེབས་པས། ས་གནས་མང་ཚོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ་ཚོད་མ་ཨོ་སུན་བཏོག་པ་དང་རིགས་འབྱེད་པ། ཐུམ་རྒྱག་པ་བཅས་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ལྷ་རྒྱལ་གླིང་གྲོང་རྡལ་གྱིས་ཧུར་ཐག་གིས་ཞིང་ལས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་ལེགས་འགྱུར་བྱས་པ་མ་ཟད། ཞིང་བས་ནུས་ཤུགས་ཡོད་རྒུས་ཚོད་མ་ཨོ་སུན་འདེབས་འཛུགས་བྱེད་པར་སྣེ་ཁྲིད་དེ་ཞིང་བའི་འབབ་འཕར་ཐད་རམ་འདེགས་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་རྒྱལ་གླིང་གྲོང་རྡལ་གྱི་ཚོད་མ་ཨོ་སུན་མུའུ1767འདེབས་འཛུགས་བྱས་ཡོད་ཅིང་། ཚོད་དཔག་བྱས་པ་ལྟར་ན་ས་མུའུ་རེར་ཡོང་སྒོ་སྒོར15000ཡས་མས་འཕར་སྣོན་བྱུང་རྒྱུ་རེད།  །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།