ཟུང་ཆུ་རྫོང་གིས་སྐབས་གཉིས་པའི་དབྱར་སྟོན་དུས་ཆེན་ཀྱི་རིག་རྩལ་འཁྲབ་སྟོན་དང་རྟ་རྒྱུག་འགྲན་སྡུར་བྱ་འགུལ་སྤེལ་བ།

2.jpg

འདི་ནི་རྟ་རྒྱུག་འགྲན་སྡུར་ནང་ཞུགས་པའི་རྟ་པ་རེད།

3.jpg

འདི་ནི་རིག་རྩལ་འཁྲབ་སྟོན་གྱི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱ་ཆེའི་མང་ཚོགས་ཀྱིས་དྲིན་ཚོར་བ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པ། མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཏེ། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་མཐོར་འདེགས་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཟླ7པའི་ཚེས25ཉིན། དབྱར་སྟོན་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་དང་རྟ་རྒྱུག་འགྲན་བསྡུར་བྱ་འགུལ་སྐབས་གཉིས་པ་ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་གྱི་མཚེར་ས་གྲོང་ཚོར་སྤེལ་མགོ་ཚུགས་པ་རེད།

བྱ་འགུལ་ཁྲོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྐྱང་གཞས་དང་། བྲོ་གར་སོགས་ཀྱི་ངོ་མཚར་ཆེ་བའི་ལེ་ཚན་གོ་རིམ་ལྡན་པའི་ངང་འཁྲབ་སྟོན་བྱས་པ་དེར་ཡུལ་དངོས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།

ཐེངས་འདིའི་རྟ་རྒྱུག་འགྲན་སྡུར་ལ་རྟ་ཆེན་རུ་ཁག་དང་རྟ་ཆུང་རུ་ཁག་ཏུ་བཀར་ཅིང་། ཟུང་ཆུ་དང་རྔ་བ། མཛོད་དགེ། ཁྱུང་མཆུ། མཚོ་སྔོན་སོགས་ནས་ཡོང་བའི་རྟ་པ86འགྲན་སྡུར་ནང་ཞུགས་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།