མཛོད་དགེ་རྫོང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་བཟང་པོ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། དགེ་རྒན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། སློབ་གསོ་འདྲ་མཉམ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

ད་ལོར་རྫོང་འདིས་མ་དངུལ་སྒོར་ཁྲི5409བཏང་ནས་གསར་སྐྲུན་རྒྱས་སྐྲུན་ལ་སྐུལ་འདེད་བཏང་ནས། སློབ་གསོའི་ཡོ་ཆས་དང་སྒྲིག་ཆས་སོགས་རྣམ་གྲངས་གལ་ཆེན12རིམ་སྤོར་བྱས་པ་དང་། རྫོང་རིམ་པའི་བསླབ་གཞི་འཛུགས་པ་དང་གནད་དོན་ཐག་གཅོད་བྱེད་པ66ལེགས་འགྲུབ་བྱས་པ་མ་ཟད། རྫོང་རིམ་པའི་ཕུལ་བྱུང་སློབ་གསོའི་ཚན་ཞིབ་གྲུབ་འབྲས་བྱ་དགའ15བདམས་ལ། དགེ་རྒན་གྱི་དཔྱད་རྩོམ40ལྷག་ཞིང་ཆེན་དང་ཁུལ་གྱི་དཔྱད་བསྡུར་སྣ་ཚོགས་ནང་ཞུགས་པ་དང་། མི་ཐེངས25ཞིང་ཆེན་དང་ཁུལ་གྱི་གསོ་སྦྱོང་སྣ་ཚོགས་ནང་ཞུགས་པ་བཅས་བྱས་ནས།  2021ལོསི་དཔྱིད་དུས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ(འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ)མི་ཐེངས98ལ་རོགས་དངུལ་སྤྲད།

རྫོང་འདིའི་སློབ་གསོ་སྡེ་ཁག་གི་བསྡོམས་རྩིས་ལ་གཞིགས་ན། ད་ལོར་རྫོང་འདིའི་འབྲིང་རྒྱུགས་རིགས་དང་པོའི་དཔེ་དབྱིབས་ཀྱི་ཁོངས་སུ་ཁུལ་ཡོངས་ཀྱི་ཨང་གསུམ་པ་ནས་བདུན་པའི་བར་ཚུད་པ་དང་། རིགས་གཉིས་པའི་དཔེ་དབྱིབས་ལ་ཁུལ་ཡོངས་ཀྱི་སྐར་མ800ཡན་གྱི་མི3(ཁུལ་ཡོངས་སུ་མི4ལས་མེད)ཡོད་པ་དང་། མཐོ་རྒྱུགས་རིགས་དང་པོའི་དཔེ་དབྱིབས་ལ་དངོས་གཞིའི་སློབ་མ128ཡོད་པས། བསླབ་ཚན་རྐྱང་པའི་གྲུབ་འབྲས་ཀྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།