སི་ཁྲོན་དུ་ཡིབ་པའི“འཛམ་གླིང་གི་ཆེས་མཛེས་པའི་བརླན་ས”སྟེ་རང་བྱུང་དང་མི་ཆོས་གཅིག་ལ་གཅིག་བརྟེན་དུ་གནས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ལ་བོད་སྐད་དུ་རྫ་ཆུ་ཁ་བ་ཞེས་བོད་ལ། ནང་དོན་ནི་ཉག་ཆུའི་མགོ་ཁུངས་ཡིན།

གནས་འདི་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཐའ་ཁུལ་ཡིན་ལ། སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཞིང་ལྗོངས་གསུམ་འབྲེལ་མཚམས་ཀྱི་རྫོང་མཁར་འདི་ལ། མཛམ་གླིང་གི་ཆེས་མཛེས་པའི་བརླན་ས་དང་ལོ་ངོ་སྟོང་གི་ཐང་བོད་གནའ་ལམ། རྡོ་བརྐོས་སྒྱུ་རྩལ་གྱི་ཕ་ས། བཀྲ་ཤིས་པའི་བྱང་སྡེ་ཉི་མ་བཅས་ཀྱི་མཚན་སྙན་ལྡན་པའི་གནས་མཆོག་ཅིག་སྟེ། ཉག་ཆུ་དང་འབྲི་ཆུ་གནས་འདི་བརྒྱུད་ནས་འབྲོག་པའི་རིག་གནས་དང་སྦྲ་གུར་རིག་གནས། ནས་འབྲུ་རིག་གནས་བཅས་གསོ་སྐྱོང་བྱས་ཡོད། འཁྱགས་ཀླུང་དང་གངས་རི། རྩྭ་ཐང་། བརླན་ས་སོགས་ཀྱི་རང་བྱུང་མཛེས་ལྗོངས་དང་། བཙན་མདའ་སྐོར་བྲོ་དང་རི་གླུ་རྡུང་ལེན་སོགས་ཁྱད་ཆོས་འབུར་ཏུ་ཐོན་པའི་དམངས་སྲོལ་སྒྱུ་རྩལ་སོགས་ནི་ཡུལ་འདིར་གཅིག་ལ་གཅིག་བརྟེན་དུ་གནས་ཡོད།

རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ། སེར་ཤུལ་རྫོང་གིས་ཤང་སྡེའི་གཞུང་ལམ་སྤྱི་ལེ3650དང་འཐུང་ཆུ་བདེ་འཇགས་ལས་གཞི750འཛུགས་སྐྲུན་བྱས་ཏེ། མང་ཚོགས་ཕྱིར་བསྐྱོད་དཀའ་བ་དང་འཐུང་ཆུ་བདེ་འཇགས་གནད་དོན་ཐག་གཅོད་ཡག་པོ་བྱས། ཤང་གྲོང་གི་རྨང་གཞི་སྒྲིག་ཆས་དང་ཁང་རྙིང་བསྒྱུར་བཅོས་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས་ཤང་གྲོང་གི་ཁོར་ཡུག་སྔར་བས་ལེགས་བཅོས་བྱས། ཤུགས་ཆེན་པོས་ཞིང་ཕྱུགས་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ད་ལྟ་སི་ཁྲོན་དུ4Aརིམ་པའི་མཛེས་ལྗོངས་ཁུལ5ཡོད་པའི་རྫོང་གཅིག་པུར་གྱུར་ཡོད། དབུལ་ཕོངས་སྡེ་བ112ཚང་མ་དབུལ་ཐར་བྱུང་ཞིང་། དབུལ་ཕོངས་ཁྱིམ་ཚང5691དང་མི25507ཚང་མ་དབུལ་ཐར་བྱུང་སྟེ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས། དམངས་འཚོ་རྒྱུན་མཐུད་ལེགས་བཅོས་བཅས་ཀྱི་རྣམ་པ་གསར་བ་ཞིག་མངོན་ཡོད།  །


རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།