འབར་ཁམས་ཆ་མི་གྲོང་ཚོས་ཀྲུང་བོད་ལུགས་སྨན་རྩྭ་འདེབས་འཛུགས་ལ་བརྟེན་ནས་འབབ་འཕར་མངོན་འགྱུར་བྱུང་།

1.png

པར་འདི་ནི་ཞིང་བ་ཚོས་ཡུར་མ་ཡུར་བཞིན་པའི་ཚུལ་རེད།

2.jpg

པར་འདི་ནི་ཞིང་བ་རྣམས་ཀྱིས་ལས་ཀ་ལས་བཞིན་པའི་ཚུལ་རེད།

3.jpg

པར་འདི་ནི་སྨན་རྩྭའི་རྟེན་གཞི་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས17ཉིན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་མཆོག་རྩེ་ཡུལ་ཚོ་ཆ་མི་གྲོང་ཚོའི་ཀྲུང་བོད་ལུགས་སྨན་རྩྭ་འདེབས་འཛུགས་དཔེ་སྟོན་རྟེན་གཞི་རུ་ཞིང་བ་རྣམས་ཀྱིས་ཡུར་མ་ཡུར་བའི་ལས་ལ་བྲེལ་བ་དང་། 2017ལོར་ཆ་མི་གྲོང་ཚོས་ས་ཞིང་འཁོོར་རྒྱུག་རྣམ་པ་བརྒྱུད། ཀྲུང་བོད་ལུགས་སྨན་རྩྭ་འདེབས་འཛུགས་ཁེ་ལས་འཛུགས་སྐྲུན་ལ་བརྟེན་ནས་སྨན་རྩྭའི་ཐོན་ལས་གླིང་བཙུགས་ཏེ། ནུས་ཤུགས་ཡོད་དགུས་ཀྲུང་བོད་ལུགས་སྨན་རྩྭའི་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། ལྕུམ་རྩྭ་དང་རྩྭ་པད་མ་སོགས་ཀྱི་སྨན་རྩྭ་འདེབས་འཛུགས་བྱས། ལོ་འགའི་འཕེལ་རྒྱས་དང་བསྟུན་ནས་མིག་སྔར་རྟེན་གཞིའི་རྒྱ་ཁྱོན་མུའུ480ཟིན་པ་དང་། མུའུ་གཅིག་གི་ནང་དུ་ཆ་སྙོམས་ཀྱི་སྨན་རྩྭ་སྤྱི་རྒྱ5000ཐོན་པ་དེས་མཐའ་འཁོར་གྱི་མང་ཚོགས200ལྷག་གི་ཡོང་འབབ་འཕར་སྣོན་བྱུང་བར་རམ་འདེགས་དང་སྣེ་ཁྲིད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།