ཁྲོན་ནུབ་མཐོ་སྒང་དུ་ཆེས་མཛེས་པའི་དུས་ཚིགས་བསུས།

2.jpg

མཐོ་སྒང་གི་མེ་ཏོག་གི་རྒྱ་མཚོ།

3.jpg

མཐོ་སྒང་གི་མེ་ཏོག་དང་ཡུལ་སྐོར་བ།

4.jpg

མཐོ་སྒང་གི་མེ་ཏོག་གི་རྒྱ་མཚོ།

5.jpg

བོད་ཀྱི་སྡོད་ཁང་འགྲམ་དུ་བཞད་པའི་མེ་ཏོག

6.jpg

མེ་ཏོག་གསེང་གི་བོད་ཀྱི་སྡོད་ཁང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན། ས་བབ་མཐོ་ཚད་སྨི3300ཙམ་ཡོད་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་གྲོང་ཁྱེར་ར་རྔ་ཁའི་མགོ་ལོག་ཐོག་གྲོང་སྡེ་རུ་ས་ཞིང་མུའུ་སྟོང་ཙམ་ཟིན་པའི“ར་རྔ་ཁ·དྲི་ཞིམ་ལུང་བ”ཡི་གྲོང་གསེབ་ཡུལ་སྐོར་ལས་གཞིའི་རྟེན་གཞི་རུ་ཁ་མདོག་སྨུག་པོ་ཅན་གྱི་མེ་ཏོག་རབ་ཏུ་བཞད་པ་དེས་སྒེར་འཁོར་སྐོར་བའི་ཡུལ་སྐོར་བ་དག་གི་ཡིད་སེམས་དབང་མེད་དུ་བཀུགས།

མིག་སྔར། ཁྲོན་ནུབ་མཐོ་སྒང་དུ་རིམ་བཞིན་ཆེས་མཛེས་པའི་དུས་ཚིགས་སུ་སླེབས་པ་དང་། རྩྭ་ཐང་གི་རི་སྐྱེས་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པས་དྲི་ཞིམ་ཕྱོགས་བཞིར་འཐུལ་ཞིང་། རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་པ་ཡིན། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།