མཐོ་སྒང་གི་སྐྱེ་ཁམས་སྔོ་ཚལ་འདེབས་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས།

2.jpg

འདི་ནི་འཛམ་ཐང་རྫོང་གད་ཐོག་ཡུལ་ཚོ་བསེ་སྐོར་སྡེ་བའི་སྔོ་ཚལ་རྟེན་གཞིའི་དྲོད་ཁང་ཆེན་པོ་རེད། 

3.jpg

འདི་ནི་རྟེན་གཞི་རུ་ལས་ཀ་ལས་བཞིན་པའི་མང་ཚོགས་རེད། 

4.jpg

འདི་ནི་རྟེན་གཞི་རུ་སྐྱེས་ཚུལ་ཡག་པའི་སྔོ་ཚལ་རེད། 

5.jpg

འདི་ནི་སྔོ་ཚལ་ལ་ཆུ་གཏོང་བའི་སྒྲིག་ཆས་རེད། 

6.jpg

འདི་ནི་ལས་དོན་མི་སྣས་སྔོ་ཚལ་གྱི་སྐྱེས་ཚུལ་ལ་ལྟ་བཞིན་པའི་ཚུལ་རེད། 

7.jpg

འདི་ནི་རོང་འབྲོག་མང་ཚོགས་ལ་ཡོང་འབབ་བགོ་བཞིན་པའི་ཚུལ་རེད། 

8.jpg

འདི་ནི་ཞིང་བ་རྣམས་ཀྱིས་རྟེན་གཞི་རུ་ལས་ཀ་ལས་བཞིན་པའི་ཚུལ་རེད། 

འཛམ་ཐང་རྫོང་ནི་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ནུབ་རྒྱུད་དུ་གནས་ཤིང་། ས་བབ་མཐོ་ཚད་སྨི3000ཡན་ཟིན་པས་དཔེ་མཚོན་ཅན་གྱི་རོང་མ་འབྲོག་ས་ཁུལ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་འཛམ་ཐང་རྫོང་གད་ཐོག་ཡུལ་ཚོ་བསེ་སྐོར་སྡེ་བས་ཀྲེ་ཅང་ཤུར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་སུ་བཏང་ལ། འཛམ་ཐང་རྫོང་གད་ཐོག་ཡུལ་ཚོ་བསེ་སྐོར་སྡེ་བས་སྔོ་ཚལ་རྟེན་གཞི་མུའུ1100འཛུགས་སྐྲུན་བྱས་ནས་མཐོ་སྒང་གི་སྐྱེ་ཁམས་སྔོ་ཚལ་འདེབས་འཛུགས་དཔེ་སྟོན་ཁུལ་བཙུགས་པ་དེས་ས་གནས་རོང་འབྲོག་མང་ཚོགས་ཀྱིས་ལོ་རེར་ས་ཞིང་རྒྱུན་འཁོར་གྲོན་དངུལ་ལེན་ཐུབ་པ་མ་ཟད། རྟེན་གཞི་རུ་ཟླ6གི་རིང་ལ་ལས་ཀ་ལས་པ་བརྒྱུད་ནུས་རྩལ་སློབ་ཅིང་འབབ་འཕར་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། ས་གནས་ཀྱི་གྲོང་གསེབ་དར་སྤེལ་ལ་ཡང་རམ་འདེགས་ཡག་པོ་བྱས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།