དར་རྩེ་མདོ་སློབ་འབྲིང་གི་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་གཅིག་སྡུད་སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་མ་ཡིག་ལ་སློབ་སྦྱོང་ནན་ཏན་བྱས་རྗེས། སློབ་གྲྭ་དེའི་འགན་ཁུར་བས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“བདུན་གཅིག་”གི་གསུང་བཤད་གལ་ཆེན་ནི་མཐོ་རིམ་གྱིས་སྣེ་ཁྲིད་དེ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པར་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་དང་། འཐབ་ཇུས་ཀྱི་རང་བཞིན། སློབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན། ལེ་ཚན་ཧྲིལ་པོར་མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་གྱི་གཟི་འོད་འཕྲོས་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་མུ་མཐུད་མདུན་ཕྱོགས་སུ་བསྐྱོད་པར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཡིན་ལ། ཏང་ཡོན་ལས་བྱེད་པས་ངེས་པར་དུ་མ་ཡིག་ལ་ཡང་བསྐྱར་སློབ་སྦྱོང་བྱེད་པ་དང་། དེའི་སྙིང་སྟོབས་ཀྱི་ནང་དོན་ལ་གོ་བ་ཡང་དག་ལེན་པ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་གྱི་ཚད་གཞིར་གཞིགས་ནས་རང་ཉིད་ལ་བླང་བྱ་ནན་མོ་འདོན་པའམ། དགེ་རྒན་གྱི་ཀུན་སྤྱོད་དང་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་གཞི་ཐིག་དམ་སྲུང་བྱེད་པ། རང་འགན་གྱི་བྱ་བ་ལེགས་པར་བསྒྲུབ་པའི་འགུལ་སྐྱོད་དངོས་ལ་བརྟེན་ནས། ལས་དོན་ངོ་མ་སྒྲུབ་པ་དང་ལས་དོན་གསར་པ་སྤེལ་བ། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་དགོས་པར་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།