ཟླ7པའི་ཚེས13ཉིན་གྱི་སི་ཁྲོན་དུ་པྲོག་གསར་གློ་ཚད་རིམས་ནད“1+2”གསར་དུ་བྱུང་བ་ཚང་མ་ཕྱི་རྒྱལ་ནས་ཐོན་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན། སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ7པའི་ཚེས13ཉིན་གྱི་ཆུ་ཚོད0ནས་24བར་སི་ཁྲོན་དུ་པྲོག་གསར་གློ་ཚད་ནད་དུག་གཏན་འཁེལ་བྱས་པའི་ནད་པ1(ཟླ7པའི་ཚེས12ཉིན་འབར་མའི་གནམ་གྲུ་བརྒྱུད་ནས་ཁྲེང་ཏུའུ་རུ་འབྱོར་བ་དང་། ཟླ7པའི་ཚེས13ཉིན་ནད་གཞི་གཏན་འཁེལ་བྱས)གསར་དུ་བྱུང་། ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1ཡོད་པ་དང་། དོགས་ཡོད་ནད་རྟགས་ཅན་གྱི་ནད་པ་གསར་བ་མེད་ལ། ཚེ་ལས་འདས་བའི་ནད་པ་གསར་བ་ཡང་བྱུང་མེད།

ཟླ7པའི་ཚེས13ཉིན་གྱི་ཆུ་ཚོད24བར། ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་པྲོག་གསར་གློ་ཚད་ནད་དུག་གཏན་འཁེལ་བྱས་པའི་ནད་པ1120(དེའི་ནང་ཕྱི་རྒྱལ་ནད་ཐོན་པའི་ནད་པ་566ཡོད)སྙན་སེང་ཞུས་ཡོད་པ་དང་། རིམ་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1075ཡོད་པ་དང་། ཚེ་ལས་འདས་པའི་ནད་པ3ཡོད། མིག་སྔར་སྨན་ཁང་དུ་ལོག་བཀར་བྱས་ཏེ་སྨན་བཅོས་བྱེད་བཞིན་པའི་ནད་པ42ཡོད་པ་དང་། མི405གིས་གསོ་རིག་གི་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད།

ཟླ7པའི་ཚེས13ཉིན་གྱི་ཆུ་ཚོད0ནས24བར། ཞིང་ཆེན་ཡོངས་སུ་ནད་རྟགས་མེད་པའི་ནད་པ2གསར་དུ་བྱུང་བ(ཕྱི་རྒྱལ་ནས་ཐོན་པའི་ནད་པ་ཚང་མ་ཟླ7པའི་ཚེས12ཉིན་འབར་མའི་གནམ་གྲུར་བསྡད་ནས་འབྱོར་ཞིང་། ཟླ7པའི་ཚེས13ཉིན་ནད་རྟགས་མེད་པའི་ནད་པ་ཡིན་པ་གཏན་འཁེལ་བྱས)དང་། ཉིན་དེར་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ0དང་། ཉིན་དེར་གཅིག་སྡུད་ཀྱིས་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་བྱས་པའི་མི1ཕྱིར་བུད། གཅིག་སྡུད་ལོགས་བཀར་གྱིས་གསོ་རིག་ལྟ་ཞིབ་བྱེད་པའི་མི41ཡོད་པས། ཉིན་སྔོན་མ་དང་བསྡུར་ན་མི་གཅིག་གི་མང་དུ་ཕྱིན་ཡོད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།