རོང་བྲག་རྫོང་སྒོ་ལུང་གྲོང་རྡལ་དུ་དྲག་ཆར་བབས་ནས་ཆུ་རུད་ཀྱིས་ལམ་བཅད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ7པའི་ཚེས11ཉིན་གྱི་ཆུ་ཚོད9དང་སྐར་མ10ཡི་ཐོག་རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག350པ(སྔོན་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལམ་ཐིག303པའི་བཙན་ལྷ་ནས་རོང་བྲག་བར་གྱི་གཞུང་ལམ)ལས་དཀར་མཛེས་ཁུལ་རོང་བྲག་རྫོང་སྒོ་ལུང་གྲོང་རྡལ་ཆུ་རུད་ཁུགས་ཀྱིK1095+300སར་དྲག་ཆར་བབས་ནས་ཆུ་འབྲུབ་པས་ལམ་གདན་བརྡིབས་ཏེ་རླངས་འཁོར་མི་ཐར་བར་གྱུར།

རོང་བྲག་རྫོང་ནས་བཙན་ལྷ་རུ་འགྲོ་དགོས་ན་རོང་བྲག་ནས་གུར་དྲག་དང་། དེ་ནས་ཁྲེང་ཏུའུ་བསྐོར་ཏེ་བཙན་ལྷ་ཕྱོགས་སུ་འགྲོ་དགོས་པ་དང་། ཡང་ན་རོང་བྲག་ནས་ཆུ་ཆེན་བསྐོར་ཏེ་བཙན་ལྷ་ཕྱོགས་སུ་འགྲོ་དགོས་པ་རེད།

གཞན་ཁུལ་གནམ་གཤིས་ཅུས་ཀྱི་ཆུ་ཚོད72ཀྱི་གནམ་གཤིས་སྔོན་བརྡ་བཏང་བ་ལས། ཚེས11ཉིན་གྱི་དགོང་མོ་ནས་ཚེས12ཉིན་གྱི་ཉིན་དཀར་བར། ཁུལ་ནང་ཁུལ་གྱི་ས་ཆ་མང་ཆེ་བར་སྤྲིན་མང་ཞིང་། ཆར་རེས་དྭངས་རེས་ཡིན་ལ། ཕྱི་དྲོར་ཆར་ཐོལ་ཡོད་པ་དང་། བརྒྱད་ཟིལ་དང་ཕྱག་ཕྲེང་། འདབ་པ། སྡེ་རོང་བཅས་སུ་ཆར་འབྲིང་དང་ཆར་ཞོད་དང་། ཡུལ་ཤོག་དང་གྲོང་རྡལ་ཁ་ཤས་ལ་དྲག་ཆར་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།