རྔ་བ་ཁུལ་དུ་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས142ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ཉིན། གསར་སྒྲིག་བྱས་པའི《རྒྱབ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་བྱང》ནས་གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། རྔ་བ་ཁུལ་དུ་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས142ཡོད་པ་དེ་རྒྱལ་ཡོངས་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཀྱི20.7%ཟིན

ཤེས་རྟོགས་བྱུང་བར་གཞིགས་ན། གསར་སྒྲིག་བྱས་པའི《རྒྱབ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་བྱང》ནང་བསྡོམས་པས་རི་སྐྱེས་སྲོག་ཆགས་རིགས980འདུས་ཤིང་། དེའི་ནང་སྐམ་སའི་རི་སྐྱེས་སྲོག་ཆགས་རིགས686ནི་ནགས་ལས་སྡེ་ཁག་གིས་དོ་དམ་བྱེད་བཞིན་ཡོད། 《རྒྱབ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་བྱང》གསར་སྒྲིག་ལག་བསྟར་དང་བར་བརྒལ་འབྲེལ་མཐུད་ལས་དོན་གང་ལེགས་སྤེལ་བའི་ཆེད། རྔ་བ་ཁུལ་གྱིས《རྒྱབ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་བྱང》གསར་བ་གཞིར་བཟུང་ནས་ཡང་བསྐྱར་ཁུལ་ཡོངས་ཀྱི་རྫོང13གྱི་སྲུང་སྐྱོང་རིགས་ལེགས་སྒྲིག་བྱས་ནས《རྔ་བ་ཁུལ་གྱི་རྒྱབ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་བྱང》བཙུགས་པ་རེད། མིག་སྔར་རྔ་བ་ཁུལ་དུ་རྒྱབ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཀྱི་རིགས142ཟིན་པའི་ནང་རིམ་པ་དང་པོ39དང་། རིམ་པ་གཉིས་པ103ཡོད་པས་རྒྱལ་ཡོངས་ཀྱི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་ཀྱི20.7%ཟིན་ཡོད། ཡང2020ལོའི་སྔོན་གྱི་གཞི་གྲངས་དང་བསྡུར་ན་རིགས38ཀྱིས་ཇེ་མང་དུ་ཕྱིན་ཡོད།

《རྔ་བ་ཁུལ་གྱི་རྒྱབ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་བྱང》ནང་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས39དང་། རིམ་པ་གཉིས་པའི་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་རིགས103ཡོད་ལ། རིགས37གསར་སྣོན་བྱུང་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།