དུང་རི་གསེར་མཚོ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པའི་དུས་སུ་སླེབས་པ།

2.jpg

དུང་རི་གསེར་མཚོ་མཛེས་ལྗོངས་ཁུལ་དུ་པར་རྒྱག་བཞིན་པའི་ཡུལ་སྐོར་བ་འགའ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས10ཉིན་དུང་རི་གསེར་མཚོ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཤིན་ཏུ་མང་ལ། ད་ལོའི་ཟླ1པོ་ནས་ཟླ6པའི་བར་དུ་དུང་རི་གསེར་མཚོ་མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས800985སྣེ་ལེན་བྱས་པ་དེ་དུས་མཉམ་དང་བསྡུར་ན541.75%འཕར་ཡོད་ལ། སྒོ་འཛིན་ཡོང་འབབ་སྒོར་ཁྲི4238.48ཟིན་ནས་དུས་མཉམ་དང་བསྡུར་ན334.36%འཕར་ཡོད། གཞི་གྲངས་དབྱེ་ཞིབ་ལྟར་ན། ཡུལ་སྐོར་ལས་དོན་ཚོགས་པའི་ཡུལ་སྐོར་བ་དང་སྒེར་གྱི་ཡུལ་སྐོར་བའི་བསྡུར་ཚད་ནི89:11ཡིན་ཞིང་། ཡུལ་སྐོར་དུ་ཡོང་མཁན་གཙོ་བོ་ནི་ཅང་སུའུ་དང་། ལེའོ་ཉིང་། ཧི་ནན། ཧྲན་ཏུང་བཅས་ཀྱི་ས་གནས་ནས་སླེབས་པ་དང་། ཧྭ་ཤར་ས་ཁུལ་ནི་ཞིང་ཆེན་ཕྱི་རོལ་གྱི་ཡུལ་སྐོར་བ་ཡོང་མཁན་གཙོ་བོར་གྱུར་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།