རྔ་བ་རྫོང་གིས་མུ་མཐུད་དུ་སྤྱི་ཚོགས་འགན་བཅོལ་བསྒྱུར་བཅོས་བྱ་བར་ཤུགས་བསྣན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚོགས་འགན་སྲུང་ལམ་ལུགས་བསྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་གྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། རྔ་བ་རྫོང་གིས་དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཞིང་ལས་པ་སོགས་གཙོ་གནད་ཚོགས་སྤྱི་འགན་བཅོལ་ནང་ཞུགས་པར་སྐུལ་འདེད་བཏང་བ་དང་། བབ་བསྟུན་ལས་ཞུགས་མི་སྣའི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་དོན་འཁྱོལ་བྱེད་པ། དབུལ་ཐར་མི་འབོར་གྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་།

བསྡོམས་རྩིས་བྱས་པར་གཞིགས་ན། ཟླ1པོ་ནས6དྲུག་པའི་བར། རྔ་བ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་གྱི་མི་གྲངས1609ལ་སླེབས་ནས་དམིགས་ཚད་ལས་འགན་གྱི64.6%ལེགས་གྲུབ་བྱུང་། མི30916གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པ་དང་། འགན་བཅོལ་ནང་ཞུགས་པའི་འགྲོ་གྲོན་སྤྲོད་མཁན་13824ལ་སླེབས་ཡོད། དབུལ་ཐར་མི་འབོར13772དང་ཚབས་ཆེ་བའི་དབང་བོ་སྐྱོན་ཅན་མི་སྣ་སོགས་ཀྱི་ཆེད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་གྱི་འགྲོ་གྲོན་སྒོར་ཁྲི137.72ཚབ་སྤྲོད་བྱས་ལ། ལས་ཤོར་འགན་བཅོལ་ནང་ཞུགས་མཁན3916ལ་སླེབས་ནས་དམིགས་ཚད་ལས་འགན་གྱི118.67%ལེགས་གྲུབ་བྱུང་བ་དང་། ལས་རྨས་འགན་བཅོལ་ནང་ཞུགས་མཁན5644ལ་སླེབས་ནས་དམིགས་ཚད་ལས་འགན་གྱི94.06%ལེགས་གྲུབ་བྱུང་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།