ལེགས་བྲིས་པུར་ལས་ཐོན་པའི་མཛོད་དགེ།

 

 

མི་དམངས་དྲ་བའི་འཕྲིན། ཚེས8ཉིན། 2021ལོའི་སི་ཁྲོན་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཚོགས། ཚོགས་འདུའི་ཐོག 2021ལོའི་སི་ཁྲོན་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ7པའི་ཚེས15ཉིན་ནས་ཟླ7པའི་ཚེས17ཉིན་བར་རྔ་བ་ཁུལ་མཛོད་དགེ་རྫོང་དུ་འཚོག་རྒྱུ་ཁྱབ་བསྒྲགས་བྱས། 

 སྙན་པའི་ངག་གིས་བསྟོད་པ་མཛོད་དགེ་རེད། ལེགས་བྲིས་པུར་ལས་ཐོན་པ་མཛོད་དགེ་རེད། ཟླ7པ་ནི་མཛོད་དགེའི་ཚེས་མཛེས་ཤོས་དང་ཆེས་སྐྱིད་ཤོས། ཆེས་ལྟ་ན་སྡུག་པའི་དུས་ཚིགས་ཡིན། ངོ་སྤྲོད་བྱས་པ་ལྟར་ན། མཛོད་དགེ་རྫོང་ནི་སི་ཁྲོན་དང་མཚོ་སྔོན། ཀན་སུའུ་གསུམ་གྱི་ས་མཚམས་དང་རྨ་ཆུའི་རྩྭ་ཐང་ཆེན་མོར་གནས་ཤིང་། ས་ཁོངས་སུ་རྨ་དགུ་འཁྱིལ་གྱི་ཁུགས་སོ་དང་པོ་དང་མེ་ཏོག་མཚེའུ་སོགས་རྒྱལ་ཁབAརིམ་པའི་མཛེས་ལྗོངས5ཡོད། འདི་ནི་རྒྱལ་ཡོངས་ཀྱི་རྩྭ་ཐང་ཆེ་ཤོས་གཉིས་པ་ཡིན་པར་མ་ཟད། “འཛམ་གླིང་ཐོག་ཆེས་ཆེ་བའི་མཐོ་གྲང་འདམ་སོལ་ན་གཞོང་བརླན་ས”སོགས་ཀྱི་མཚན་སྙན་ཡང་ལྡན། 

ངོ་སྤྲོད་བྱས་པ་ལྟར་ན། 2021ལོའི་སི་ཁྲོན་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་དུས་ཆེན་དེ“དུས་ཆེན་གཅིག་དང་ཚོགས་འདུ་གསུམ། འགྲན་བསྡུར་གཅིག བྱེད་སྒོ་གསུམ”བཅས་ཀྱིས་གྲུབ། དེའི་ནང་དུ་སི་ཁྲོན་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་དུས་ཆེན་དང་། “རྩྭ་ཐང་ཆེན་མོ”རིག་གནས་ཡུལ་སྐོར་མནའ་འབྲེལ་འཛུགས་པའི་ཚོགས་ཆེན། སི་ཁྲོན་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ། རྨ་ཆུའི་རྨ་ཁུགས་རྟ་མཆོག་འགྲན་རྒྱུགས་ཆེན་མོ། 《རྨ་སྔོན་མོ་ཇི་སྲིད་བར་དུ་བཞུར》བརྗོད་དོན་མཉམ་སྒྲོག་རོལ་མོ།   “རྨ་ཆུའི་འབྱུང་ཡུལ་གྱི་རིག་གནས”གར་སྟེགས་སྒྱུ་རྩལ་གསར་རྩོམ་ཞིབ་འཇུག་དང་འཚོལ་བསྡུ་བྱེད་སྒོ་སོགས་ཚུད། ནང་དོན་ཕུན་སུམ་ཚོགས་ཤིང་ལྟ་ན་སྡུག་པའི་བྱེད་སྒོ་རབ་དང་རིམ་པས་གོ་ལ་ཧྲིལ་བོར་མཛོད་དགེ་རྫོང་གི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ངོ་སྤྲོད་བྱས་ཏེ། ལེགས་བྲིས་པུར་ལས་ཐོན་པའི་མཛོད་དགེའི་རང་བྱུང་དང་སྤྱི་ཚོགས་རིག་གནས་ཀྱི་མཛེས་ལྗོངས་ངོམ་ཡོད། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།