རྔ་བ་ཁུལ་བོད་བརྒྱུད་ནང་བསྟན་དགོན་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཤེས་བྱའི་འགྲན་བསྡུར་བྱ་འགུལ་སྤེལ་བ།

2.jpg

3.jpg

4.jpg

5.jpg

པར་འདི་དག་ནི་ཏང་གི་ཤེས་བྱའི་འགྲན་བསྡུར་སྤེལ་བའི་བྱ་འགུལ་ཡུལ་དངོས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྲོ་སེམས་འཁོལ་བའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དང་། རྒྱ་ཆེའི་གྲྭ་བཙུན་དག་གིས་ཡང་བསྐྱར་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་སློབ་རྒྱུར་སྣེ་ཁྲིད་བྱས་ནས། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཕྲོད་མཐུན་ཡོང་བར་སྐུལ་འདེད་བྱ་ཆེད། ཉེ་ལམ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཁུལ་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་། རྔ་བ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། རྔ་བ་ཉིན་རེའི་ཚགས་པར་བཅས་དང་མཉམ་འབྲེལ་ཀྱིས་རྔ་བ་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་པ་ཡོངས་ལ་ཁྱབ་པའི་ཏང་གི་ལོ་རྒྱུས་སྐོར་གྱི་ཤེས་བྱའི་འགྲན་བསྡུར་བྱ་འགུལ་སྤེལ་བ་རེད།

ཐེངས་འདིའི་བྱ་འགུལ་ནང“གཅིག་བསྡུས་ཟུར་ཁྲིད+ཆེད་དོན་འགྲན་བསྡུར+བགྲོ་གླེང་སྤེལ་རེས”བཅས་ཀྱི་ཐབས་ལམ་སྤྱད་དེ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་། ཀྲུང་དབྱང་གི་བོད་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བླང་བྱ། ཆོས་ལུགས་སྲིད་ཇུས་ཁྲིམས་སྲོལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ནང་དོན་ལ་དམིགས་ཏེ《རྔ་བ་ཁུལ་གྱི་དགོན་སྡེའི་གྲྭ་བཙུན་གྱི་ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་འདྲི་གཞི100》བཀོད་སྒྲིག་བྱས་པ་དང་། དེའི་དམིགས་ཡུལ་ནི་རྒྱ་ཆེའི་གྲྭ་བཙུན་དག་གིས་ཏང་གི་ལོ་རྒྱུས་བསླབ་ནས་གནས་ལུགས་རྟོགས་པ། ཏང་གི་ལོ་རྒྱུས་བསླབ་ནས་ཡིད་ཆེས་ཆེར་བསྐྱེད་པ། ལོ་རྒྱུས་བསླབ་ནས་སྤྱོད་བཟང་བཀུར་བ། ལོ་རྒྱུས་བསླབ་ནས་འགན་འཁྲི་སྒྲུབ་པ་སོགས་ཀྱི་ཕྱོགས་ནས་སྣེ་ཁྲིད་བྱས་པ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་མཐུན་སྒྲིལ་ངང་ཀྲུང་ཧྭའི་བུ་ཕྲུག་གི་སྣེ་ཁྲིད་དེ་དཀའ་སྤྱད་མཛད་པའི་ལོ་རྒྱུས་རྟོགས་པ་དང་། “ངོས་འཛིན་ལྔ”ཡི་བྱེད་ཤུགས་ཆེ་རུ་བཏང་སྟེ། “རྒྱལ་གཅེས་ཆོས་གཅེས་དང་ཕ་ཡུལ་ལ་དགའ”བའི་བསམ་བློའི་འདུ་ཤེས་གཏིང་ཟབ་ངང་ཆགས་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོར་བཙུགས།

2021ལོ་སླེབས་པའི་ཚུན། རྔ་བ་ཁུལ་ཨུ་ཡིས་གཏིང་ཟབ་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སྐོར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་པ་དང་། ལྷག་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས། ཧུར་ཐག་གིས་བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་དག་གིས་ཏང་གི་ལོ་རྒྱུས་སློབ་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་བཀའ་གསུང་བརྩི་བ། ཏང་གི་རྗེས་སུ་འབྲང་བར་སྣེ་ཁྲིད་བྱས། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།