ད་ལོའི་དབྱར་ཁར་ང་ཁྱོད་དང་ལྷན་དུ་མཛོད་དགེ་རྩྭ་ཐང་འདུ་འགྲོ་འདོད།

ད་ལོའི་དབྱར་ཁར། ང་ཁྱོད་དང་ལྷན་དུ་སུ་ཁྲོན་རྔ་བའི་མཛོད་དགེ་ཡི་མུ་མཐའ་མེད་པའི་རྩྭ་ཐང་དུ་ཕྱིན་ནས། རང་བྱུང་ཁམས་ཆེན་མོའི་རྒྱ་ཁྱོན་ལ་རོལ་མྱོང་བྱེད་འདོད།

ད་ལོའི་དབྱར་ཁར། ང་ཁྱོད་དང་ལྷན་དུ་སུ་ཁྲོན་རྔ་བའི་མཛོད་དགེ་ཡི་མུ་མཐའ་མེད་པའི་རྩྭ་ཐང་དུ་ཕྱིན་ནས། མིང་དུ་གྲགས་པའི་མཚོ་ཁྲ་དང་ལང་ལོང་དུ་རྒྱུ་བའི་སྤྲིན་དཀར་ལ་བལྟ་འདོད།

ད་ལོའི་དབྱར་ཁར། ང་ཁྱོད་དང་ལྷན་དུ་སུ་ཁྲོན་རྔ་བའི་མཛོད་དགེའི་མུ་མཐའ་མེད་པའི་རྩྭ་ཐང་དུ་སོང་ནས། ཁུ་སུམ་མེར་སྤྲིན་དཀར་འོག་འགྲེང་ནས། བསིལ་རླུང་ལྡང་བའི་འཇག་གླུ་ལ་ཉན་འདོད། 

ད་ལོའི་དབྱར་ཁར། ང་ཁྱོད་དང་ལྷན་དུ་སུ་ཁྲོན་རྔ་བའི་མཛོད་དགེའི་མུ་མཐའ་མེད་པའི་རྩྭ་ཐང་དུ་སོང་ནས། མེ་ཏོག་ལྷམ་མེར་བཞད་པའི་རི་ཀླུང་བརྒལ་འདོད།

ད་ལོའི་དབྱར་ཁར། ང་ཁྱོད་དང་ལྷན་དུ་སུ་ཁྲོན་རྔ་བའི་མཛོད་དགེའི་མུ་མཐའ་མེད་པའི་རྩྭ་ཐང་དུ་སོང་ནས། རྨ་ཆུའི་ཁུག་པ་བཅོ་བརྒྱད་ཀྱི་སྒེག་ཉམས་ལ་བལྟ་འདོད།


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།