ད་ལོར་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་ཁྲི་བརྒྱ་ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན། གསར་འགོད་པས་རྔ་བ་གཟི་ཚ་སྡེ་དགུ་མཛེས་ལྗོངས་ཁུལ་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ཟླ6པའི་ཚེས20ཉིན་བར་རིམ་རྩིས་བྱས་ན་གཟི་ཚྭ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི100.14སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས385.16%འཕར་བས་དེ2020ལོའི་དུས་མཚུངས་ལས་ལྡབ4.9ཡིན་པ་དང་། རིམ་རྩིས་བྱས་ན་འཛིན་བྱང་ཡོང་འབབ་སྒོར་ཁྲི10,034.94ཟིན་པ་དེ་དུས་མཚུངས་ལས298.06%འཕར་བས་དེ2020ལོའི་ལྡབ་3.98ཡིན་པ་རེད།

གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བའི་ཁྲོད་ཚོགས་པས73.75%དང་ཚོགས་པ་མ་ཡིན་པའི་ཡུལ་སྐོར་བས26.25%བཟུང་ཡོད་ལ། ཞིང་ཆེན་ནང་ཁུལ་དང་ཞིང་ཆེན་ཕྱིའི་ཡུལ་སྐོར་བས་སོ་སོས17.23%དང82.77%བཟུང་བ་དང་། ལོ60མན་གྱི་ཡུལ་སྐོར་བས70.38%བཟུང་ཡོད།

ཡུལ་སྐོར་བའི་ཡོང་ཁུངས་ནི་སི་ཁྲོན་ཞིང་ཆེན་དང་ཅང་སུའུ་ཞིང་ཆེན། ལེའོ་ཉིང་ཞིང་ཆེན། ཧོ་ནན་ཞིང་ཆེན། ཧྲན་ཏུང་ཞིང་ཆེན་བཅས་ས་ཁུལ་ལྔ་མདུན་གྲལ་དུ་སླེབས་ནས་སྤྱིའི་བསྡུར་ཚད་38.98%བཟུང་བ་དང་། དེའི་ཁྲོད་སི་ཁྲོན་ཞིང་ཆེན་གྱིས7.23%དང་། ཅང་སུའུ་ཞིང་ཆེན་གྱིས6.30%། ལེའོ་ཉིང་ཞིང་ཆེན་གྱིས5.85%། ཧོ་ནན་ཞིང་ཆེན་གྱིས5.05%། ཧྲན་ཏུང་ཞིང་ཆེན4.56%བཅས་བཟུང་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།