ད་ལོའི་ཟླ་སྔོན་མ5རིང་སི་ཁྲོན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་གཏོང་ཡོང་སྤྱི་འབོར་སྒོར་དུང་ཕྱུར3407.9ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྒོ་ཁྲལ་ལས་ཁུངས་ཀྱི་སྡོམ་རྩིས་ལ་གཞིགས་ན། ད་ལོའི་ཟླ1པོ་ནས་ཟླ5པའི་བར་དུ་སི་ཁྲོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་གཏོང་ཡོང་སྤྱི་འབོར་སྒོར་དུང་ཕྱུར3407.9ལ་སླེབས་པ་དང་། གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང8པ་ཟིན་ཡོད་ལ། 2020ལོའི་དུས་མཉམ་དང་བསྡུར་ན14.9%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར1940.4དང་འཕར་ཚད21.4%ལ་སླེབས། ནང་འདྲེན་སྒོར་དུང་ཕྱུར1467.5དང7.2%འཕར་ཡོད།

ཟླ1པོ་ནས་ཟླ5པའི་བར་དུ་སི་ཁྲོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་ལ་ཉོ་ཚོང་གཙོ་བོའི་རོགས་ཟླའི་གཏོང་ཡོང་ལ་རྒྱུན་མཐུད་ངང་གོང་དུ་འཕར་བ་དང་ལས་སྣོན་ཉོ་ཚོང་གི་གཏོང་ཡོང་བསྡུར་ཚད་མར་ཆག་པ། དམངས་གཉེར་ཁེ་ལས་ཀྱི་གཏོང་ཡོང་ཅུང་མགྱོགས་པོའི་ངང་འཕར་བ། ཁྲིན་ཏུའུ་ཡིས་སྣེ་ཁྲིད་མཁན་གྱི་གོ་གནས་སྲུང་འཛིན་བྱས་པ། འཕྲུལ་གློག་ཐོན་རྫས་ཀྱིས་གཏོང་ཡོང་གི་གཙོ་ཁྲིད་གོ་གནས་བཟུང་བ་སོགས་ཀྱི་ཁྱད་ཆོས་གཙོ་བོ་མངོན་ཡོད། ཁྲིན་ཏུའུ་ཡིས་མུ་མཐུད་དུ་སྣེ་ཁྲིད་མཁན་གྱི་གོ་གནས་བཟུང་སྟེ། གཏོང་ཡོང་གི་སྤྱི་འབོར་སྒོར་དུང་ཕྱུར2992.3མངོན་འགྱུར་བྱས་པ་དང13.1%འཕར་ཡོད། གཏོང་ཡོང་སྤྱི་འབོར་གྱི་ཨང་རིམ2པ་ནས4བའི་བར་ནི་མེན་དབྱང(སྒོར་དུང་ཕྱུར95.7)དང་དབྱི་པིན(སྒོར་དུང་ཕྱུར79.7། ཏི་དབྱང(སྒོར་དུང་ཕྱུར39.1བཅས་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།