ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྡེ་དགེ་པར་ཁང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་དུ་ཡོད་པ་དང་། སྤྱི་ལོའི་དུས་རབས18པའི་དུས་མགོར་བཞེངས་བསྐྲུན་གནང་ལ། དེ་ལ“གངས་རིའི་འདབས་ཀྱི་བོད་ཀྱི་རིག་གནས་ཀྱི་བང་མཛོད”ཅེས་བརྗོད་བཞིན་ཡོད།
པར་འདི་ནི་བོད་རིགས་པར་ཤིང་པར་འདེབས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པས་པར་ཤིང་ལ་ཞུ་དག་བྱེད་བཞིན་པའི་ཚུལ་རེད།
པར་འདི་ནི་ལས་བཟོ་པས་པར་ཤིང་གཙང་བཀྲུ་བྱེད་བཞིན་པའི་ཚུལ་རེད།
པར་ཁང་ནང་ད་ལྟའི་བར་གློག་འཐེན་མེད་པས“པར་འདེབས་ལས་བཟོ་པ”ཚོས་སྐར་ཁུང་གི་རང་བྱུང་འོད་ལ་བརྟེན་ནས་ལས་ཀ་བྱེད་ཀྱིན་ཡོད། ཁོང་ཚོ་གཅིག་མཐོ་ས་དང་གཅིག་དམའ་སར་བསྡད་ནས་པར་ཤིང་མི་གཉིས་བར་གྱི་པང་ལེབ་ཐོག་བཞག་ནས། མཐོ་སར་སྡོད་མཁན་གྱིས་ཤོག་བུ་པར་ཤིང་གི་ཡང་དག་པའི་གནས་སུ་བཞག་ནས་པར་ཤིང་དང་པར་ཤོག་གཉིས་ཀྱི་གནས་གཏན་འཁེལ་བྱེད་པ་དང་། དེ་བཞིན་པར་ཤིང་སྟེང་སྣག་ཚ་བྱུག་པ་བཅས་ཀྱི་འགན་ཁུར་གྱི་ཡོད། མི་གཞན་དེས་ཤོག་བུ་སྟེར་བ་དང་དེའི་ཞོར་དུ་རས་ཀྱི་འགྲིལ་མདོང་བཟུང་ནས་པར་འདེབས་བྱེད་བཞིན་ཡོད། ཚན་ཆུང་རེ་རེས་ཉིན་རེར་ཆུ་ཚོད6ལ་ལས་ཀ་བྱེད་བཞིན་ཡོད་ལ། ཤོག་ངོས2400དང4800པར་འདེབས་བྱེད་ཐུབ།
པར་འདི་ནི་པར་ཁང་གི་པར་ཤིང་མཛོད་ཀྱི་ཟུར་ཅིག་རེད།
པར་འདི་ནི་པར་ཁང་གི་ཟུར་ཅིག་རེད།
སྡེ་དགེ་རྫོང་རིག་དངོས་དོ་དམ་ལྟེ་གནས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། པར་ཁང་དུ་པར་སྐྲུན་བྱས་པའི་པར་གཞི་ཁྲི32ལྷག་ཡོད་པ་དང་། པར་གཞིའི་ནང་དོན་ལ་ལོ་རྒྱུས་དང་། ཚན་རྩལ། གསོ་རིག རྩིས་རིག རྩོམ་རིག གནམ་དཔྱད། ས་ཁམས་སོགས་ཡོད། མིག་སྔར་སྡེ་དགེ་རྫོང་དུ་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། ཁུལ་རིམ་པ་བཅས་ཀྱི་བོད་རིགས་པར་བརྐོ་པར་འདེབས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་བསྡོམས་པས7ཡོད་པ་དང་། རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ20ལྷག་ཡོད་ཟེར།
པར་འདི་ནི་པར་ཁང་གི་ཟུར་ཅིག་རེད།
པར་འདི་ནི་པར་འདེབས་ལས་བཟོ་བས་གསུང་རབ་པར་དུ་འདེབས་བཞིན་པའི་ཚུལ་རེད།
པར་འདི་ནི་པར་འདེབས་ལས་བཟོ་བས་གསུབ་རབ་པར་དུ་འདེབས་བཞིན་པའི་ཚུལ་རེད།
པར་འདི་ནི་པར་འདེབས་ལས་བཟོ་བ་རྣམས་ཀྱིས་པར་ཤིང་སྟེང་པར་དུ་འདེབས་བཞིན་པའི་ཚུལ་རེད།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
གངས་རིའི་འདབས་ཀྱི་བོད་ཀྱི་རིག་གནས་བང་མཛོད་སྡེ་དགེ་པར་ཁང་།