ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་འཚོགས།

ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་གནང་ཞིང་། གསར་གཏོད་ཀྱི་འཕེལ་རྒྱས་གཏང་སྟངས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ།《གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་།

ཟླ་བ6པའི་ཆེས15ཉིན་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཁྲེང་ཏུའུ་རུ་འཚོགས།

ཀྲུང་གོའི་གུང་ཁྲན་ཏང་གི་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྤྱི་བསྒྲགས།

(2021ལོའི་སྤྱི་ཟླ6པའི་ཚེས15ཉིན་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་བ)

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དེ2021ལོའི་སྤྱི་ཟླ6པའི་ཚེས15ཉིན་ཁྲེང་ཏུའུ་རུ་འཚོགས་པ་རེད།

ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྱི་ཞིང་ཆེན་ཏང་ཨུའི་ཨུ་ཡོན82དང་རྗེས་སྣོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན4ཡོད་པ་རེད། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་རྒྱུན་ཨུ་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས་ཡོད་ལ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་དང་ཆེད་རམས་པ་དང་མཁས་དབང་ཁག་གཅིག་ཀྱང་ཚོགས་འདུར་ཟུར་ཞུགས་བྱས་པ་རེད། ཚན་ཞིབ་སྡེ་ཚན་ཁག་གཅིག་དང་གསར་གཏོད་རྣམ་པའི་དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་བ་གདན་ཞུས་ལྟར་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་གསར་གཏོད་ཀྱི་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། 《གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཕེང་ཆིང་ཧྭ་ཡིས《ཆོད་དོན(གྲོས་བསྡུར་མ་ཟིན་)》ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུའི་སྤྱི་ཡོངས་བླང་བྱ་བཏོན་ནས་ནན་གསུང་གནང་དོན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་དུ་འཛིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་གཏོང་དང་།“གདེང་ཚོད་བཞི་”སྲ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས་ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་པ། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ་བཅས་ཀྱི་འདུ་ཤེས་བརྟན་པོར་འཆང་བ་དང་། “ཁ་ཕྱོགས་བཞི”ཡི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཚན་རིག་དང་སློབ་གསོར་བརྟེན་ནས་སི་ཁྲོན་དར་རྒྱས་གཏང་རྒྱུ་དང་ཤེས་ལྡན་མི་སྣས་ཞིང་ཆེན་སྟོབས་ཆེར་གཏང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དང་ས་གནས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་ཕན་ཚུན་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཚན་རྩལ་གསར་གཏོད་གཏིང་ཟབ་ཏུ་གཏང་རྒྱུ་དང་ལམ་ལུགས་གསར་གཏོད་ཕན་ཚུན་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་གསོག་ཚད་ཆེ་རུ་གཏོང་བ་དང་ཐོན་ཁུངས་འཕར་འབོར་ལེགས་གཏོང་ཕན་ཚུན་སྐུལ་འདེད་གཏོང་བ། སྲིད་གཞུང་གི་ནུས་པ་འདོན་སྤེལ་དང་ཚོང་རའི་གསོན་ཤུགས་འཕེལ་བ་ཕན་ཚུན་ཟུང་འབྲེལ་བྱེད་པ་བཅས་བྱས་ནས་རྒྱལ་ཡོངས་ལ་ཤུགས་རྐྱེན་ཐེབས་ནུས་པའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྱོང་ཇེ་མགྱོགས་བྱེད་པ་དང་།གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་སྔོན་སྤེལ་ལེགས་ཆ་འདོན་སྤེལ་བྱེད་པའི་སྣེ་ཁྲིད་ཅན་གྱི་འཕེལ་རྒྱས་གཏོང་སྟངས་དེ་བས་མང་པོ་འཛུགས་སྐྱོང་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཁ་ཕྱོགས་དང་དམིགས་ཡུལ་གཙོ་བོ་གསལ་པོ་བྱས་ནས་ནན་གསུང་གནང་དོན། མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་ནང་ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཅིག་ནས་ཐོན་ལས་ལག་རྩལ་གསར་གཏོད་དང་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསར་སྐྲུན་ལ་དམ་འཛིན་བྱས་ཏེ་གསར་གཏོད་ཐོན་ཁུངས་ཀྱི་ལེགས་ཆ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆར་མགྱོགས་མྱུར་དུ་བསྒྱུར་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་དང་ཞིང་ཆེན་ཏང་ཨུའི“གནད་གཅིག་ཕྱོགས་མང”གི་འཕེལ་རྒྱས་འཐབ་ཇུས་ཀྱིས་སྣེ་ཁྲིད་བྱས་ནས་ས་ཁོངས་གསར་སྐྲུན་གྱི་བཟོ་བཀོད་ཡག་པོ་བྱ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་རྒྱུ་ཡིས་ཁྲིད་སྟོན་དུ་བྱས་ནས་ནུས་ཆེའི་གསར་གཏོད་ལས་སྟེགས་གཏོད་དགོས། གསར་གཏོད་སྦྲེལ་ཤུགས་དང་ཐོན་ལས་སྦྲེལ་ཤུགས་མཉམ་འདྲེས་གཏིང་ཟབ་གཏོང་བར་སྐུལ་འདེད་གཏང་རྒྱུར་དམ་འཛིན་བྱེད་སར་བྱས་ནས་ཚན་རྩལ་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་མགྱོགས་སུ་བསྒྱུར་དགོས། ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་ཏུ་གཏང་རྒྱུ་དེ་འགག་རྩ་ལ་བརྩིས་ནས་གསར་གཏོད་གཙོ་བོར་གསོན་ཤུགས་སྒུལ་ཤུགས་འཕེལ་བ་བྱ་དགོས། གསར་སྐྲུན་དང་གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་འདེགས་སྐྱོར་དུ་བྱས་ཏེ་གསར་གཏོད་ཀྱི་ཐོན་ཁུངས་གཅིག་སྡུད་དང་གསར་གཏོད་ཀྱི་བྱེད་སྒོའི་ལས་ཕྱོད་ཆེ་རུ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏང་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པར་བརྟེན། ངེས་པར་དུ་ཏང་གིས་གསར་གཏོད་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱག་དགོས། མགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་གསར་གཏོད་འཕེལ་རྒྱས་ནས“མགོ་ཁྲིད་ཚོགས་ཆུང་དང་ཆེད་དོན་ལས་དོན་ཚོགས་ཆུང་ཟུང་འབྲེལ”གྱི་རྩ་འཛུགས་མ་ལག་བཙུགས་ཏེ་འཐབ་ཇུས་ཚན་རྩལ་བློ་འདྲིའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་ནང་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་དོན་སྙིང་གལ་ཆེན་དང་། སྤྱི་ཡོངས་ཀྱི་བླང་བྱ། དམིགས་ཡུལ་དང་ལས་འགན། ཞིབ་ཕྲའི་བྱེད་ཐབས། རྩ་འཛུགས་ཀྱི་འགན་ལེན་བཅས་ཁོང་དུ་ཆུད་པ་བྱས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་གསར་གཏོད་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏང་དགོས། འགག་གནད་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་ནས་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏང་དགོས། གསར་གཏོད་ཀྱི་གསོན་ཤུགས་འཕེལ་རྒྱུར་དམིགས་ཏེ་བཅོས་བསྒྱུར་དོན་འཁྱོལ་ལ་སྐུལ་འདེད་གཏང་དགོས། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏང་དགོས། མཉམ་སྡུད་དང་ཕྱི་ནང་མཉམ་འདྲེན་ལ་དོ་སྣང་བྱས་ཏེ་གསར་གཏོད་མཉམ་ལས་ཀྱི་བྱ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་》དང《ཀྲུང་གོའི་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ་བློ་མཐུན་ཙོའུ་ལེ་དང་བློ་མཐུན་ལིའུ་ཁྲའོ་གཉིས་ཀྱིས་ལས་གནས་གྱུར་ནས་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་རྩ་དགོངས་ཞུས་པར་ཆོག་མཆན་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ཁྲེན་ཞིན་ལ་སྒྲིག་འགལ་ཚབས་ཆེན་བྱས་པའི་གནད་དོན་སྐོར་གྱི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་ཞིང་།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དེའི་སྔོན་དུ་ཁྲེན་ཞིན་ལ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་ཁས་བླངས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ནས་གོ་སྐབས་དམ་འཛིན་དང་འགན་འཁྲི་འཁུར་ཕོད་པ། བློ་རྩ་བརྟན་པོས་གསར་འབྱེད་དང་དཀའ་སེལ་ཡར་བརྩོན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་རྒྱས་གཏོང་བའི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་འབོད་སྐུལ་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།