ཟུང་ཆུ་རྫོང་པེ་དབྱང་ཡུལ་ཚོས་སུར་པན་འདེབས་འཛུགས་བྱས།

2.jpg

པར་འདི་ནི་སུར་པན་འདེབས་འཛུགས་བྱེད་བཞིན་པའི་ཞིང་བ་རྣམས་ཡིན།

3.jpg

པར་འདི་ནི་ས་ཞིང་སྙོམས་བཞིན་པའི་ཞིང་བ་རྣམས་ཡིན།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་པེ་དབྱང་ཤང་ཤ་མོ་ཆེད་ལས་འདེབས་འཛུགས་མཉམ་ལས་ཁང་གི་རྟེན་གཞི་རུ་ཞིང་བ་རྣམས་སུར་པན་འདེབས་འཛུགས་བྱེད་པའི་ལས་ལ་བྲེལ་བཞིན་ཡོད།

2021ལོའི་ཟླ5པར་མཉམ་ལས་ཁང་གིས་འདེབས་འཛུགས་བྱས་པའི་ཤ་མོ་མུའུ120ཙམ་བསྡུ་ལེན་བྱས་པ་དང་། ཚད་མཐོ་བའི་སྒོ་ནས་ས་ཞིང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱ་ཆེད། མཉམ་ལས་ཁང་གིས་ས་ཞིང་བསྙམས་ནས་སུར་པན་འདེབས་འཛུགས་བྱེད་མགོ་བརྩམས།

ཤེས་རྟོགས་བྱུང་བར་གཞིགས་ན། སུར་པན་གྱི་མྱུ་གུ་ནི་ཧྲན་ཏུན་ནས་ནང་འདྲེན་བྱས་པ་ཡིན་ལ། ཕལ་ཆེར་མྱུ་གུ་ཁྲི30ཙམ་ཡོད་པའི་ནང་སུར་པན་རིགས་གཉིས་འདུས་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།