སི་ཁྲོན་ས་ཁུལ་དུ་བཞུར་བའི་རྨ་ཆུའི་གར་གྱི་སྒེག་ཉམས།

         ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ས་ཁུལ་དུ་བཞུར་བའི་རྨ་ཆུའི་སྤྱིའི་རིང་ཚད་ལ་སྤྱི་ལེ174ཡོད་པ་དང་། བཞུར་བའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.87ཡོད་ཅིང་། དེ་ནི་རྔ་བ་རྫོང་དང་མཛོད་དགེ་རྫོང་། ཧུང་ཡོན་རྫོང་བཅས་རྫོང་ལྔ་དང་འབྲེལ་ཡོད། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མཛོད་དགེ་རྫོང་གི“རྨ་ཆུའི་ཁུག་སོ་དང་པོ”ནི་སི་ཁྲོན་ས་ཁུལ་དུ་བཞུར་བའི་ཆེས་མཛེས་པའི་རང་བྱུང་ཡུལ་ལྗོངས་ཞེས་བརྗོད་ཀྱི་ཡོད། རྨ་ཆུ་ནི་མཛོད་དགེའི་ས་ཁུལ་དུ་ཀྱག་ཀྱོག་ངང་མདུན་དུ་བཞུར་བ་ནི་བརྗིད་ཉམས་ལྡན་ལ་མཛེས་སྡུག་གར་གྱི་སྒེག་ཉམས་ཀྱིས་ཕྱུག་པ་ཞིག་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།