བསྟན་འཛིན་སི་ཁྲོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕོ་ཉར་གདན་ཞུ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས50པར་སླེབས་ལ་ཉེ་བའི་ཟླ6པའི་ཚེས3ཉིན། སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་བཅས་ཀྱིས་གཙོ་སྒྲུབ་བྱས་པའི2021ལོའི་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་ཁྲེང་ཏུའུ་རུ་སྤེལ། བྱེད་སྒོ་སྤེལ་ཡུལ་དུ་ངོ་མཚར་བའི་བྱེད་སྒོ་མང་དུ་ཡོད་ཅིང་། སྐྱེ་ཁམས་ཁོར་ཡུག་ལ་གྲུབ་འབྲས་བཟང་པོ་ཐོབ་པ་ཕྱིར་མངོན་པར་མ་ཟད། ཐོག་དང་པོར་ཇུས་འགོད་བྱས་པའི་ཁོར་ཡུག་སྲུང་སྐྱོང་གློག་བརྙན་གཟའ་འཁོར་གྱི་བྱེད་སྒོ་དང་ལྗང་མདོག་གདོང་ལེན་དཔྱད་འདེམས་སོགས་ཀྱི་བྱེད་སྒོར་ཡང་མཐོ་རླབས་ཡང་ཡང་འཕྱུར། དྲ་ཐོག་ཏུ་གྲགས་ཆེ་བའི“ཕོ་རྒོད”བསྟན་འཛིན་སོགས་སི་ཁྲོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སི་ཁྲོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕོ་ཉར་གདན་ཞུ་བྱས་པ་དང་། མ་འོངས་པའི་ལོ་གཉིས་ནང་ཁོང་གིས“སི་ཁྲོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕོ་ཉ”ཡི་ཐོབ་ཐང་གི་ངོས་ནས་སི་ཁྲོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་བྱས་རྗེས་འཇོག་རྒྱུ་རེད།

1441327782761102.jpg

བྱེད་སྒོ་སྤེལ་ཡུལ་དུ་སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས“ཕོ་རྒོད”བསྟན་འཛིན་ལ“སི་ཁྲོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕོ་ཉ”ཞེས་པའི་གདན་ཞུའི་ཡི་གེ་དངོས་སུ་སྤྲད་པ་མ་ཟད། བསྟན་འཛིན་དང་ལྷན་དུ་གདན་ཞུའི་ཡི་གེ་དང་ལེན་བྱེད་མཁན་གྲས་སུ་ད་དུང་སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེ་དང་སི་ཁྲོན་གྱི་འཁྲབ་སྟོན་པ་གྲགས་ཅན་ལེ་ཧན་ཡང་ཡོད།

སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་ང་ཚོའི་ཐུན་མོང་གི་ཕུགས་འདུན་ཡིན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན། སི་ཁྲོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཞུང་ཚབ་ཆེན་མོ་བ3གྱི་མཚོན་བྱེད་དཔེ་མཚོན་བརྒྱུད་མི་སྔར་བས་མང་བས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་སེམས་ཁུར་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱེད་སྒོ་དང་དང་བླངས་ཞབས་ཞུའི་ནང་ཧུར་ཐག་ཞུགས་སུ་བཅུག་ནས་ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དོ་ཁུར་དང་། རྒྱབ་སྐྱོར། དེའི་ནང་ཞུགས་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་བཏང་སྟེ་སི་ཁྲོན་གྱི་རྣམ་པ་སྔར་ལས་ལྷག་པར་སྔོ་ཞིང་དྭངས་པའི་རེ་བ་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།