དངོས་ལྗོངས་ཟློས་གར་ཆེ་གྲས་འདི་སྤྱི་ཟླ8པར་ཁྱེད་རྣམས་དང་མཇལ་ཡོང་།

1.jpg

པར་འདི་ནི་ཟློས་གར་ཆེ་གྲས《གེ་སར་དང་འཕྲད་སོང》གི་བརྡ་ཡིག་རེད།

2.jpg

པར་འདི་ནི་བགྲོ་གླེང་ཚོགས་འདིའི་ཡུལ་དངོས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2021ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་དངོས་ལྗོངས་ཟློས་གར་ཆེ་གྲས《གེ་སར་དང་འཕྲད་སོང》ཞེས་པའི་འཁྲབ་གཞུང་གསར་རྩོམ་གྱི་ཆེད་མཁས་པའི་བློ་འདྲིའི་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དངོས་ལྗོངས་ཟློས་གར་ཆེ་གྲས《གེ་སར་དང་འཕྲད་སོང》དེ2021ལོའི་ཟླ་བ8པར་དུས་བཀག་ལྟར་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ལ་སྒྲོག་གཏོང་བྱ་རྒྱུ་ཡིན་པ་རེད།

སི་ཁྲོན་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་། མའོ་ཏུན་རྩོམ་རིག་བྱ་དགའ་ཐོབ་མཁན། སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རྩོམ་པ་པོ་གྲགས་ཅན་ཨ་ལེགས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་སུའོ་ཡི་འབུམ་རམས་པའི་སློབ་དཔོན། བོད་ཀྱི་རྩོམ་རིག་ཞིབ་འཇུག་ཁང་གི་ཀྲུའུ་རེན། རྒྱལ་ཡོངས་ཀྱི《གེ་སར》ལས་སྒྲུབ་མགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན། དེ་སྔའི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མི་རིགས་རིག་པའི་འབུམ་རམས་པའི་སློབ་དཔོན་ཆེན་མོ་དགེ་ལེགས།《གེ་སར་དང་འཕྲད་སོང》དངོས་ལྗོངས་ཟློས་གར་གྱི་གཙོ་སྒྲུབ་ཚོགས་པའི་ཁོངས་མི་བཅས་ཚོགས་འདུར་ཞུགས་པ་རེད།

བགྲོ་གླེང་ཚོགས་འདུའི་ཐོག་དཀར་མཛེས་རྫོང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།“གེ་སར་མཁར་རྫོང”ནི་དཀར་མཛེས་རྫོང་གི་ཐོན་ལས་དབུལ་སྐྱོར་ལས་གཞི་དང་རིག་གནས་ཡུལ་སྐོར་ལས་གཞི་ཆེ་ཤོས་དེ་རེད། ལས་གཞི་དེས་གེ་སར་གྱི་རིག་གནས་བླ་སྲོག་ཏུ་བཞག་ནས་བརྗིད་ཉམས་ཆེ་བའི་གེ་སར་མཁར་རྫོང་དེ་འགྲེམས་འཁྲབ་བྱ་ཡུལ་དུ་དམིགས་ཏེ།《གེ་སར་དང་འཕྲད་སོང》ཞེས་པའི་དངོས་ལྗོངས་ཟློས་གར་གཏོད་རྒྱུ་དེ་དུས་སྐབས་དང་ཏག་ཏག་འཁེལ་བས་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།