སྐུ་བླ་གཞི་བདག་ལྗོངས་ཁུལ་དོ་དམ་ཅུའུ་ཡིས་ས་གཤིས་གནོད་འཚེའི་འཕྲལ་བསྟུན་ནང་སྦྱོང་བྱས་པ།

1.jpg

པར་འདི་ནི་རྨས་མ་སྐྱོབ་ཚུལ་ནང་སྦྱོང་བྱེད་བཞིན་པའི་ཚུལ་རེད། 

2.jpg

པར་འདི་ནི་ས་གཤིས་གནོད་འཚེའི་འཕྲལ་བསྟུན་ནང་སྦྱོང་བྱེད་པའི་ཡུལ་དངོས་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྐུ་བླ་གཞི་བདག་དོ་དམ་ཅུའུ་ཡིས་ཟམ་གཉིས་ལུང་བའི་ས་གཤིས་གནོད་འཚེ་མངོན་མེད་རྐྱེན་ངན་ས་ཚིགས་སུ་འཕྲལ་བསྟུན་ནང་སྦྱོང་བྱས་པ་དང་། ཐེངས་འདིའི་ནང་སྦྱོང་ཁྲོད་དྲག་ཆར་བབས་པས་ལྗོངས་ཁུལ་གྱི་ཟམ་པ་ཆུ་བོས་བསྣུབས་ནས་ཡུལ་སྐོར་བ་དཀའ་ངལ་དང་འཕྲད་པའི་གནས་ཚུལ་ལད་ཟློས་རྒྱབ་ལྗོངས་སུ་བྱས་ནས། མི་སྣ་ཁ་འགྲེམས་དང་། རྨས་མ་སྐྱོབ་པ། ཉེན་གཡོལ་བཀོད་སྒྲིག་སོགས་ཀྱི་རྣམ་པ་བཀོད་སྒྲིག་ངང་དོ་དམ་མི་སྣའི་ས་གཤིས་གནོད་འཚེ་ལ་ཁ་གཏད་དེ་འཕྲལ་བསྟུན་ཐག་གཅོད་ནུས་བ་ཇེ་མཐོར་བཏང་ཞིང་། ཏན་ཏིག་གིས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་བ་སོགས་དམིགས་ཡུལ་དུ་བཟུང་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།