ལི་ཐང་རྫོང་དུ་མང་ཚོགས་ལ་འགོག་སྨན་རྒྱག་པའི་བྱ་འགུལ་སྤེལ་བ།

1.jpg

སྨན་པས་མང་ཚོགས་ཞིག་ལ་འགོག་སྨན་རྒྱག་བཞིན་པའི་ཚུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས25ཉིན་ནས་ཚེས27བར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིས་སྨན་ཁང4དང་གྲོང་རྡལ་གྱི་འཕྲོད་བསྟེན་སྨན་ཁང22 ། ཡན་ལག་སྨན་ཁང་གཉིས་ཀྱི་བསྡོམས་པས་ལས་དོན་མི་སྣ170བཀོད་སྒྲིག་བྱས་ཏེ་དབྱར་རྩྭ་དགུན་འབུ་བརྐོ་སའི་མང་ཚོགས་རྣམས་དང་ཐག་རིང་གི་རོང་འབྲོག་མང་ཚོགས་ལ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་རྒྱག་པའི་བྱ་འགུལ་སྤེལ་བ་དང་། ཐེངས་འདིའི་བྱ་འགུལ་ཁྲོད་མི8000ལ་འགོག་སྨན་བརྒྱབ་པ་དེས་རོང་འབྲོག་མང་ཚོགས་ཀྱིས་འགོག་སྨན་རྒྱག་འདོད་པའི་རེ་བ་བསྐངས་ཏེ་རིམས་ཐར་སྲུང་ཡོལ་མཉམ་སྐྲུན་དང་བདེ་ཐང་བདེ་སྐྱིད་མཉམ་སྲུང་བྱས། ། 

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།