འཛམ་ཐང་རྫོང་གི་གྲོང་རྡལ་དང་སྒྲིག་ཚང་གྲོང་ཚོའི་རླངས་འཁོར་ཤར་གཏོང་ཚད100%མངོན་འགྱུར་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2009ལོ་ནས་བཟུང་འཛམ་ཐང་རྫོང་གིས་མ་དངུལ་དུང་ཕྱུར16.2བཏང་སྟེ་འགྲིམ་འགྲུལ་ལས་གཞི127ལག་བསྟར་བྱས་ཏེ་ཕན་ནུས་ལྡན་པའི་སྒོ་ནས་འགྲིམ་འགྲུལ་རྨང་གཞིིའི་སྒྲིག་བཀོད་ལེགས་བཅོས་བྱུང་བས་རོང་འབྲོག་མང་ཚོགས་ཕྱིར་བསྐྱོད་པའི་གནད་དོན་ཐག་གིས་བཅད་པ་མ་ཟད། རང་བྱུང་གྲོང་ཚོར་ཤར་གཏོང་བྱེད་པའི་གཞུང་ལམ་སྤྱི་ལེ216སྐྲུན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འགྲིམ་འགྲུལ་ལམ་ཐིག6དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར12ཤར་གཏོང་བྱས་ནས་མངགས་ཐོ་ཅན་གྱི་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་དེ་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་གསེབ་ལ་རླངས་འཁོར་ཤར་གཏོང་ཐུབ་ཚད100%ལ་སླེབས་ཡོད།

དེ་དང་མཉམ་དུ་འཛམ་ཐང་རྫོང་གིས་ནོར་སྲིད་མ་དངུལ་གཅིག་གྱུར་གྱིས་སྡེབ་སྒྲིག་བྱས་ཏེ། “ལས་གནས་འཛུགས་པ་དང་། ལས་གནས་འགན་ཁུར”གྱི་རྩ་དོན་བཞིན་གཞུང་ལམ་བདག་སྐྱོང་ལས་དོན་མི་སྣའི་སྤྱི་ཕན་ལས་གནས183བཀོད་སྒྲིག་བྱས་པ་ལས་གཞན། སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས2150གསར་སྤེལ་བརྒྱུད་སྐྱེ་ཁམས་དབུལ་སྐྱོར་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།