ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགིའི་སྔོན། རྔ་བ་ཁུལ་ཚན་རྩལ་ཅུའུ་ཡིས་ཞིང་ལས་དང་ཕྱུགས་ལས། ཞིང་ལས་ཐོན་རྫས་ལས་སྣོན། ཆ་འཕྲིན་ལག་རྩལ། ཀྲུང་ལུགས་གསོ་རིག་སྨན་རྫས་སོགས་ལས་རིགས་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ། 2017ལོའི་ཚུན་གྱི་ཁུལ་རིམ་པའི་ཚན་རྩལ་འཆར་འགོད་ལས་གཞིའི་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་ལས་དོན་སྤེལ།
ཐེངས་འདིའི་ཞིབ་བཤེར་རྩིས་ལེན་ནང་ཞུགས་པའི་ཚན་རྩལ་ལས་གཞིའི་རྣམ་གྲངས་ལ་ནོར་སྲིད་ཀྱི་མ་དངུལ་ཁྱོན་སྒོར་ཁྲི416བཏང་བ་དང་། དེས་སྤྱི་ཚོགས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་སྒོར་ཁྲི་སྟོང་ཙམ་གཏོང་བར་སྐུལ་ཁྲིད་ཐུབ་ཡོད། ཆེད་མཁས་ཚན་ཆུང་གིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་ལས་གཞིའི་རྣམ་གྲངས33ལ་ཞིབ་བཤེར་རྩིས་ལེན་བྱས་པའི་ནང་ཞིང་ལས་རིགས་ཀྱི་ལས་གཞི13དང་། བཟོ་ལས་ལས་སྣོན་རིགས་ཀྱི་ལས་གཞི6། སྤྱི་ཚོགས་བྱ་གཞག་རིགས་ཀྱི་ལས་གཞི14བཅས་ལ་ཞིབ་བཤེར་རྩིས་ལེན་བྱེད་ཚད94.3%ཟིན་པས། ལས་གཞིའི་རྣམ་གྲངས་ལས་ཁུངས་ཀྱི་ཚན་རྩལ་རྣམ་གྲངས་དོ་དམ་ཆུ་ཚད་དང་ཚན་རྩལ་གསར་གཏོད་ཀྱི་སྤྲོ་སེམས་ཆེ་རུ་ཕྱིན་ཡོད་པ་རེད། ཚན་ཞིབ་ལས་གཞིའི་རྣམ་གྲངས་ཁག་གཅིག་གི་སྔོན་བཀོད་དམིགས་ཚད་ཚད་བརྒལ་གྱིས་ལེགས་འགྲུབ་བྱུང་ནས་རིན་ཐང་ལྡན་པའི་ཚན་ཞིབ་གྲུབ་འབྲས་སྐོར་ཅིག་བླངས་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རྔ་བ་ཁུལ་གྱིས་ཁུལ་རིམ་པའི་ཚན་རྩལ་འཆར་འགོད་ལས་གཞིའི་རྣམ་གྲངས་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་ལས་དོན་སྤེལ།