དཀར་མཛེས་ཁུལ་དཀར་མཛེས་རྫོང་དམངས་གཉེར་ཁེ་ལས་ཀྱི་གདན་ཞུའི་བྱེད་སྒོའི་སྟེང་འདོད་མོས་ངང་ལས་ཞུགས་བྱས་པའི་མི་གྲངས597ལ་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་དང་། གུང་གཞོན་སྡེ་ཚོགས་དཀར་མཛེས་རྫོང་ཨུ། དཀར་མཛེས་རྫོང་སློབ་གསོ་ལུས་རྩལ་ཅུའུ། དཀར་མཛེས་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས9ཡིས་མཉམ་དུ་གཉེར་བའི“དཀར་མཛེས་རྫོང་གི2021ལོའི་དམངས་གཉེར་ཁེ་ལས་གདན་ཞུའི་ཟླ་བའི་བྱེད་སྒོ”གེ་སར་རྒྱལ་པོའི་མཁར་དང་ཁམས་བྱང་མི་རིགས་མཐོ་རིམ་སློབ་འབྲིང་དུ་སྤེལ། 

1.jpg

གེ་སར་རྒྱལ་བོའི་མཁར་གྱི་གདན་ཞུའི་བྱེད་སྒོའི་ཡུལ་དངོས། 

3.jpg

ཁམས་བྱང་མི་རིགས་སློབ་འབྲིང་གི་གདན་ཞུའི་བྱེད་སྒོའི་ཡུལ་དངོས།

ད་ཐེངས་ཀྱི་གདན་ཞུའི་བྱེད་སྒོའི་ནང་དཀར་མཛེས་རྫོང་གེ་སར་རིག་གནས་ཐོན་ལས་གླིང་དང་། ཞང་ཡུང་མགྲོན་ཁང་། ཡར་ཀླུང་མགྲོན་ཁང་སོགས་དམངས་གཉེར་ཁེ་ལས14ཞུགས་ཏེ་དཀར་མཛེས་རྫོང་གི་ཐོ་འགོད་ལས་ཤོར་མི་སྣ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། ཞོར་ལས་པ་སོགས་ཀྱི་ལས་ཀ་འཚོལ་མཁན་སྣ་ཚོགས་ལ་ལས་ཞུགས་ལས་གནས500ལྷག་མཁོ་འདོན་བྱས་པ་དང་། དེ་དག་ནི་ཐང་ག་དང་རྡོ་བརྐོས། ཕྱིར་ཚོང་། ཞབས་ཞུ་སོགས་ལས་རིགས30ལྷག་དང་འབྲེལ་བ་ཡོད། གླ་ཆ་ཟླ་རེར་སྒོར2200ནས9000བར་ཡིན་པས་ལས་གནས་ཀྱི་ཁྱབ་རྒྱ་ཆེ་བ་དང་ཚད་གཞི་དམའ་བས་ཡོང་འབབ་ལེགས་པོ་ཡོད། བྱེད་སྒོའི་ནང་ཤང་དང་གྲོང་རྡལ22ཀྱི་ལས་ཀ་འཚོལ་མཁན1200ལྷག་ས་གནས་དེ་གར་ལས་ཀ་འཚོལ་བར་སླེབས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།