དཀར་མཛེས་ཁུལ་བྲག་མགོ་རྫོང་དུ་དབྱར་རྩྭ་དགུན་འབུའི་ཚོང་བྲིན་པའི་དུས་ཚིགས་བསུས།

1.jpg

2.jpg

3.jpg

4.jpg

5.jpg

བྲག་མགོ་རྫོང་གི་དབྱར་རྩྭ་དགུན་འབུའི་ཁྲོམ་ར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཁྲོན་ནུབ་མཐོ་སྒང་དུ་གཤམ་གཤིས་ཇེ་དྲོ་རུ་གྱུར་བ་དང་བསྟུན་ལོ་རེའི་དབྱར་རྩྭ་དགུན་འབུའི་དུས་ཚིགས་ཀྱང་སླེབས་པ་རེད། ཁྲོམ་ར་སོ་སོ་རུ་དབྱར་རྩྭ་དགུན་འབུའི་ཚོང་བྲིན་པའི་དུས་སུ་སླེབས་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་མགོ་རྫོང་གི་དབྱར་རྩྭ་དགུན་འབུའི་ཁྲོམ་ར་ནང་དུ་ཕྱོགས་བཞི་ནས་ཡོང་བའི་ཚོང་བ་མང་པོ་འདུས་ཡོད། 

བྲག་མགོ་རྫོང་དབྱར་རྩྭ་དགུན་འབུའི་ཁྲོམ་ར་རུ་རོང་འབྲོག་མང་ཚོགས་ཀྱི་གདོང་ལ་དགའ་སྤྲོའི་རྣམ་པས་ཁེངས་ནས་དབྱར་རྩྭ་དགུན་འབུ་ཉོ་ཚོང་རྒྱག་བཞིན་ཡོད་ལ། དབྱར་རྩྭ་དགུན་འབུ་ནི་རོང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་འབྱུང་ཁུངས་གཙོ་བོ་ཡིན་པས་བྲག་མགོ་རྫོང་ཨུ་སྲིད་གཞུང་གིས་ཀྱང་མཐོང་ཆེན་གནང་སྟེ་མང་ཚོགས་རྣམས་ལ་འདྲ་མཉམ་ལེགས་པོ་དང་གོ་རིམ་ལྡན་པའི་ཉོ་ཚོང་སྟེགས་བུ་ཞིག་སྐྲུན་ཡོད། ལོ་རེའི་དབྱར་རྩྭ་དགུན་འབུའི་དུས་ཚིགས་ལས་བྲག་མགོ་རྫོང་གི་ཁྲོམ་རའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་དང་ཆབས་ཅིག་ཏུ་རོང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དངོས་ཀྱང་ཇེ་མཐོར་བཏང་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།