རྔ་བ་ཁུལ་ཨུའི་ཆེད་དོན་ཚོགས་འདུ་འབར་ཁམས་སུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས7ཉིན་གྱི་སྔ་དྲོར། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་གཙོ་འགན་བཞེས་ཏེ་འབར་ཁམས་གྲོང་ཁྱེར་དུ་ཁུལ་ཨུའི་ཆེད་དོན་ཚོགས་འདུ་འཚོགས་ཏེ། 2021ལོའི་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་འཕྲིན་གཏོང་འགན་སྲུང་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་ཆ་འཕྲིན་ཅན་འཛུགས་སྐྱོང་སྐོར་གྱི་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཁུལ་ཡོངས་ཀྱི་འཕྲིན་གཏོང་དྲ་རྒྱའི་སྤྱི་ཡོངས་ཀྱི་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ལྗོངས་སྐོར་འཕེལ་རྒྱས་ཚོགས་ཆེན་གྲུབ་འབྲས་ཐོབ་པའི་ངང་འཚོག་ཐུབ་པ་འགན་སྲུང་བརྟན་པོ་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།