དཀར་མཛེས་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་དབུལ་ཐར་གྱི་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་བ་དང་ཕན་འབྲས་སྔར་བས་རྒྱུན་མཐུད་ཆེད། དཀར་མཛེས་ཁུལ་གྱིས་དབུལ་བོ་བསྐྱར་ལོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལམ་སྲོལ་དང་། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་བབ་བསྟུན་ལྟ་ཞིབ་ཚད་ལེན་ལམ་སྲོལ། གྲོང་གསེབ་ཀྱི་དབུལ་ཐར་མི་འབོར་གྱི་སྡོད་ཁང་བདེ་འཇགས་སྟབས་བསྟུན་ལྟ་ཞིབ་ཚད་ལེན་ལམ་སྲོལ་བཅས་འཐུས་ཚང་དུ་བཏང་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་བསྐྲུན།

རྒྱུས་ལོན་བྱུང་བ་ལྟར་ན། དཀར་མཛེས་ཁུལ་གྱིས་ད་ཡོད་ཀྱི“ཐེབས་རྩ་གཅིག་དང་། བསམ་འཆར་གཅིག བྱ་ཐབས་གཅིག འགན་བཅོལ་གཉིས”ཀྱི་རྨང་གཞིའི་ཐོག་དབུལ་བོ་བསྐྱར་ལོག་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་དར་རྒྱས་བྱུང་མེད་པའི་ས་ཁུལ་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱས་པ་དང་། དབུལ་ཐར་བརྟན་འཇགས་མིན་པའི་དུད་ཚང་དང་མཐའ་ཁུལ་གྱི་དབུལ་པོར་འགྱུར་སླ་བའི་དུད་ཚང་“རིགས་གཉིས”ཀྱི་མི་ཚོགས་དང་། འགྲོ་གྲོན་ཆེ་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་། དབུལ་བོ་བསྐྱར་ལོག་སླ་བ་དང་དབུལ་བོར་འགྱུར་སླ་བའི་མི་འབོར་སོགས་དམིགས་བསལ་ཚོགས་སྤྱིར་དབྱེ་འབྱེད་བྱེད་ཤུགས་ཆེ་རུ་བཏང་ནས། སྔོན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། “དབུལ་སྐྱོར་འགན་བཅོལ”དང“དབུལ་འགོག་འགན་བཅོལ”གྱི“འགན་བཅོལ་གཉིས”ཀྱི་འགན་བཅོལ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། རྒྱུན་རྣམ་ཅན་གྱི་སྒོ་ནས་ཕྱིར་མིག་བལྟ་བ་དང་། ཞན་ཆ་དང་སྐྱོན་ཆ་དུས་ཐོག་ཏུ་སེལ་བ། མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་གཞི་ཁྱོན་ཆེ་བའི་དབུལ་ཕོངས་སུ་འགྱུར་བའི་སྣང་ཚུལ་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱས།

དེ་དང་ཆབས་ཅིག་འགན་ནུས་སྡེ་ཁག་སོ་སོས་གཞི་གྲངས་དང་ལས་སྟེགས་བེད་གང་ལེགས་སྤྱད་དེ་དམངས་སྲིད་དང་། སློབ་གསོ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སྡོད་ཁང་འཛུགས་སྐྲུན། སྨན་བཅོས་འགན་བཅོལ་སོགས་སྡེ་ཁག་གི་གཞི་གྲངས་ཞིབ་བསྡུར་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་བསྣན་པ་དང་། ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་རང་འགུལ་ཤེས་རྟོགས་ལམ་སྲོལ་འཐུས་ཚང་དུ་བཏང་བ། དམངས་སྲིད་དང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། རྒྱ་གྲམ་དམར་པོ་ཚོགས་པ་སོགས་སྡེ་ཁག་མང་པོ་མཉམ་འགུལ་བྱེད་པའི་ཉེན་ཁའི་སྔོན་བརྡ་དང་། ཞིབ་འཇུག་བརྡར་གཅོད། ཐག་གཅོད་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་གྱི་རྣམ་པར་ལྟ་ཞིབ་ཚད་ལེན་བྱས་པ་རེད། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།