མཛོད་དགེ་རྫོང་གིས་རྒྱུན་མཐུད་ངང་འདམ་ར་སྲུང་སྐྱོང་ལ་སྐུལ་འདེད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡོམས་ཁ་གསེབ་ཚོད་ལྟའི་རྫོང་དང་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་རྫོང་འཛུགས་སྐྲུན་ལེགས་པོ་བྱ་ཆེད། ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་གཏིང་ཟབ་པའི་སྒོ་ནས་ཕྱུགས་ཇེ་ཉུང་དུ་གཏོང་བ་དང་རྩྭ་འདེབས་པ། ཨ་བྲ་འགོག་པ། བྱེ་བཅོས། ཆུ་སྲུང་བཅས་ཀྱི་འགུལ་སྐྱོད་ཆེན་པོ་ལྔ་སྤེལ་ཏེ། རྒྱུན་མཐུད་ངང་བྱེ་འགོག་བྱེ་བཅོས་དང་འདམ་ར་སླར་གསོ་སོགས་ཀྱི་སྐྱེ་ཁམས་ལས་གཞི་ལག་བསྟར་བྱས། 

ད་ལོར་མཛོད་དགེ་རྫོང་གིས་འཆར་གཞི་ལྟར་མ་དངུལ་སྒོར་ཁྲི1556བཏང་སྟེ་ལྕགས་ར་མུའུ་ཁྲི2སྐོར་ཏེ་རྩྭ་ཐང་གི་སྤང་ཤུན་མང་དུ་གཏོང་བ་དང་། རྩྭ་ཐང་ཞན་འགྱུར་མུའུ་ཁྲི6ལེགས་བཅོས་དང་། རྩྭ་སའི་ཁྲོད་ཀྱི་རྩི་ཤིང་གི་ཁེབས་ཚད་དང་མཐོ་ཚད། རྩྭ་ཐོན་ཚད་སོགས་ཇེ་མཐོར་གཏོང་བ། མིས་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི1བཏབ་ནས་ནུས་བ་ལྡན་པའི་ངང་གཟན་རྩྭ་མཁོ་འདོན་དང་། ས་ནག་གྲམ་ཐང་བཅོས་སྐྱོང་མུའུ་ཁྲི1 ། ཨ་བྲའི་གནོད་འཚེ་ཆུང་དུ་གཏོང་བ། ས་རྒྱུ་གཤུན་ཚད་ཇེ་མཐོར་གཏོང་བ། དུག་ལྡན་རྩྭ་བཅོས་སྐྱོང་མུའུ་ཁྲི1 ། རྩི་ཤིང་གི་ཚོམ་བུའི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བ། སྤུས་ལེགས་གཟན་རྩྭའི་གྲངས་འབོར་མཐོ་རུ་གཏོང་བ་བཅས་ཀྱི་ལས་དོན་ལག་བསྟར་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར1.6བཏང་སྟེ་རིགས་སོ་སོའི་བྱེ་འགྱུར་ས་ཞིང་སྤྱི་ཆིང867བཅོས་སྐྱོང་དང་། ཞན་འགྱུར་རྩྭ་ཐང་ལེགས་བཅོས། མིས་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། ས་ནག་གྲམ་ཐང་བཅོས་སྐྱོང་། དུག་ལྡན་རྩྭ་བཅོས་སྐྱོང་། ཨ་བྲའི་གནོད་འཚེ་ཐེབས་པའི་མུའུ་ཁྲི121བཅས་ལ་ལེགས་བཅོས་བྱས་པས་ཕྱུགས་རྩྭ་དོ་མཉམ་དང་། ཕྱུགས་བསྐྱུར་རྩྭ་གསོ་མུའུ་ཁྲི578 ། སྤྱི་ལེ78རིང་ཚད་ལ་ལྕགས་ར་སྐོར་བ། ཆུ་རགས་ཆུང་ངུ158སྐྲུན་པ། བེད་མེད་དུ་བསྐྱུར་བའི་གཏེར་རི་སྤྱི་ཆིང46སླར་གསོ་བྱས་པ། སྤང་ཤུན་སླར་གསོའི་གཞི་ཁྱོན་མུའུ་ཁྲི30བཅས་ལ་སླེབས་ཡོད་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།