ལི་ཐང་རྫོང་མཐོ་མཁར་གྲོང་རྡལ་བུ་བཅོལ་ཁང་གིས“བརྩེ་བའི་ཁྱིམ་གཞིས། མཉམ་དུ་སྲུང་བ”ཞེས་པའི་བྱ་འགུལ་སྤེལ།

1.jpg

བུ་བཅོལ་ཁང་གི་བྱིས་པ་ཚོས་རི་མོ་འབྲི་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ལི་ཐང་རྫོང་མཐོ་མཁར་གྲོང་རྡལ་བུ་བཅོལ་ཁང་གིས་མཉམ་དུ་སློབ་ཁྲིད་བྱེད་པ་དང་། རི་མོ་འབྲི་བ། ཁོར་ཡུག་སྲོང་སྐྱོང་སོགས་ཀྱི་རྣམ་པའི་སྒོ་ནས“བརྩེ་བའི་ཁྱིམ་གཞིས། མཉམ་དུ་སྲུང་བ”ཞེས་པ་བརྗོད་གཞིར་བཟུང་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་བྱིས་པ་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཆེ་རུ་བཏང་བ་མ་ཟད། བྱིས་པ་ཚོས་དོན་ཆུང་ཆུང་ནས་མགོ་བརྩམས་ཏེ་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་སའི་གོ་ལར་གཅེས་སྐྱོང་བྱེད་པར་སྐུལ་འདེད་བྱས། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།