དཀར་མཛེས་ཁུལ་བྱིས་པའི་ཕན་བདེ་ཁང་གིས་གནོད་འགོག་གནོད་སེལ་གྱི་བདེ་འཇགས་སློབ་གསོའི་བྱ་འགུལ་སྤེལ།

1.jpg

སྦྱངས་བ་ནང་ཞུགས་བཞིན་པའི་སློབ་མ་ཚོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཏིང་ཟབ་པའི་སྒོ་ནས་གནོད་འགོག་གནོད་སེལ་ཤེས་བྱ་ཁྱབ་གདལ་བཏང་སྟེ་དགེ་སློབ་རྣམས་གནོད་འཚེ་དང་འཕྲད་རྗེས་ཀྱི་ཉེན་གཡོལ་རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་ནུས་རྩལ་ཇེ་མཐོར་གཏོང་ཆེད། རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོ”སླེབས་ལ་ཉེ་བའི་དུས་འདིར་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁང་པའེ་བྱིས་པའི་ཕན་བདེ་ཁང་གིས་བདེ་འཇགས་སློབ་གསོའི་བྱ་འགུལ་རབ་དང་རིམ་པ་སྤེལ།

བྱ་འགུལ་ཁྲོད་སློབ་རའི་རྒྱང་སྒྲོག་བརྒྱུད་དེ་དགེ་སློབ་ཡོངས་ལ་གནོད་འགོག་གནོད་སེལ་ཤེས་བྱ་དྲིལ་བསྒྲགས་བྱས་པ་མ་ཟད། ས་འགུལ་འགོག་པར་ལད་མོ་བྱེད་པའི་འཕྲལ་མྱུར་ཁ་བཀྲམ་ནང་སྦྱོང་རྩ་འཛུགས་དང་། དགེ་རྒན་རྣམས་ཀྱིས་སློབ་མ་དག་རྩ་འཛུགས་བྱས་ནས་རང་སྐྱོབ་བྱེད་ཐབས་སྤྱད་པས་སློབ་མ་ཚོས་མྱུར་དུ་དཔེ་ཆ་དང་དཔུང་བས་མགོ་བོ་སྲུང་སྐྱོབ་དང་། ཅོག་ཙེ་འོག་ཏུ་འཛུལ་བ། གྱང་ཟུར་དུ་སྡོད་པ་སོགས་ཀྱི་རང་སྲུང་རང་སྐྱོབ་བྱེད་ཐབས་སྦྱངས་བ་བྱས། ། 

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།