རྔ་བ་ཁུལ་གྱི་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལས་གཞི་ཕྱོགས་ཡོངས་ནས་ལས་མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྔ་བ་རྫོང་དང་མཛོད་དགེ་རྫོང་། ཁྱུང་མཆུ་རྫོང་། བཀྲ་ཤིས་གླིང་སོགས་ཀྱིས་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་དང་ཕྱུགས་བསྐྱུར་རྩྭ་གསོའི་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དེས་ཁུལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལས་དོན་སྤེལ་མགོ་བརྩམས་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྔ་བ་ཁུལ་གྱི་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་དང་ཕྱུགས་བསྐྱུར་རྩྭ་གསོ་ལས་གཞི་ལ་བསྡོམས་པས་མ་དངུལ་སྒོར་ཁྲི16058བཏང་ཞིང་། འཛུགས་སྐྲུན་ནང་དོན་ལ་རྩྭ་འདེབས་རྟེན་གཞི་མུའུ་ཁྲི0.3དང་། མིས་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་སྐྱེ་ཁམས་སླར་གསོ་མུའུ་ཁྲི15.5། རང་བྱུང་རྩྭ་ཐང་ལེགས་བཅོས་མུའུ་ཁྲི32། ཨ་བྲའི་གནོད་འཚེ་འགོག་བཅོས་མུའུ་ཁྲི157། འབུའི་གནོད་འཚེ་འགོག་བཅོས་མུའུ་ཁྲི48། རྩྭ་ཐང་གི་ལྕགས་ར་མུའུ་ཁྲི15། རྩྭ་ཐང་ཞན་འགྱུར་ལེགས་བཅོས་མུའུ་ཁྲི32། མིས་ཐེབས་ལ་བརྟེན་ནས་རྩྭ་འདེབས་པའི་གཞི་ཁྱོན་མུའུ་ཁྲི3། ས་ནག་གྲམ་ཐང་བཅོས་སྐྱོང་མུའུ་ཁྲི1དང་། དུག་ལྡན་རྩྭ་བཅོས་སྐྱོང་མུའུ་ཁྲི1བཅས་འདུས་པ་ལས་གཞན། ལྟ་ཞིབ་ཚད་ལེན་ཁང1དང་ལྟ་ཞིབ་ཚད་ལེན་ས་ཚིགས3བཙུགས་ཡོད།

ལས་གཞི་ལག་བསྟར་བྱས་པ་བརྒྱུད། རྔ་བ་ཁུལ་གྱི་རྩྭ་ཐང“གཉིས་འགྱུར་གསུམ་གནོད”ལ་ནུས་ལྡན་ངང་བཀག་སྡོམ་བྱེད་ཐུབ་པ་མ་ཟད། རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ལ་མངོན་གསལ་དོད་པོས་ལེགས་བཅོས་བྱུང་ནས་རྩྭ་ཐང་ཐོན་སྐྱེད་ནུས་ཤུགས་སྔར་ལས་ལྷག་པའི་སྒོ་ནས་མཐོར་འདེགས་སུ་གཏོང་བ་དང་། མ་འོངས་པར་རྩྭ་ཐང་ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་བྱེད་པ་དང་རྩྭ་ཐང་སྐྱེ་ཁམས་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།