ཁྲིན་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ(རྔ་བ་ཁུལ་གྱི་དུམ་མཚམས)ལ་མ་དངུལ་སྒོར་དུང་ཕྱུར179.933བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་སྔོན་གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་ཟླ4པའི་བར་བསྡོམས་རྩིས་བྱས་ན་ཁྲེིན་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ(རྔ་བ་ཁུལ་གྱི་དུམ་མཚམས)ལ་མ་དངུལ་སྒོར་དུང་ཕྱུར179.933བཏང་བ་དང་། 2021ལོའི་ཟླ4པར་མ་དངུལ་སྒོར་དུང་ཕྱུར1བཏང་།

ཁྲིན་ལན་ལྕགས་ལམ(རྔ་བ་ཁུལ་གྱི་དུམ་མཚམས)ལེགས་འགྲུབ་བྱས་ཚུལ་ལ་གཞིགས་ན། ཕུག་ལམ15ཚང་མ་ལས་མགོ་བརྩམས་པ་དང་། བསྡོམས་རྩིས་བྱས་ན་སྨི220832.61ལེགས་འགྲུབ་བྱུང་བ་དང་དེས་ཇུས་འགོད་བསྡོམས་འབོར་གྱི97.42%ཟིན་ལ། ལས་མགོ་བརྩམས་པའི་ཆེས་ཆེ་བའི་ཟམ་ཆེན་དང་། ཟམ་ཆེན། ཟམ་འབྲིང་། ཟམ་ཆུང་བཅས་ཁྱོན་བསྡོམས་པས37ཡོད་ལ། བསྡོམས་རྩིས་བྱས་ན་ཟམ་པའི་སྨི16925.352ལེགས་འགྲུབ་ཟིན་པ་དང་། དེས་ཇུས་འགོད་སྤྱི་འབོར་གྱི99.24%ཟིན། ཟམ་པའི་སྒྲོམ་གཞི3ལས་མགོ་བརྩམས་པར། བསྡོམས་པས་སྨི་གྲུ་བཞི་མ1025ལེགས་འགྲུབ་བྱུང་ཡོད་ཅིང་། དེས་ཇུས་འགོད་སྤྱི་འབོར་གྱི100%ཟིན་ལ། ལས་མགོ་བརྩམས་པའི་སྒྲོམ་གཞིའི(པང་ལེབ)14ཡོད་པ་དང་། བསྡོམས་པས་སྨི977.01འཕྲེད་བསྲིང་ལེགས་འགྲུབ་བྱུང་ཡོད་ལ། དེས་ཇུས་འགོད་སྤྱི་འབོར་གྱི100%ཟིན་ཡོད། ལས་མགོ་བརྩམས་པའི་རྨང་གཞི་དང་ས་རྡོའི་ངོས་དུམ18ཡོད་ཅིང་། བསྡོམས་པས་སྨི་གྲུ་བཞི་ལྷམ་པ་ཁྲི508.73ལེགས་འགྲུབ་བྱུང་ཡོད་པས། དེས་ཇུས་འགོད་སྤྱི་འབོར་གྱི96.85%ཟིན་ཡོད།

ཁྲིན་ལན་ལྕགས་ལམ(རྔ་བ་ཁུལ་གྱི་དུམ་མཚམས)ཀྱིས་བེད་སྤྱོད་དམར་ཐིག་ནང་ཡུན་རིང་སྤྱོད་པའི་ས་ཆ་མུའུ4221.0837ཡོད་པ་དང་། དམར་ཐིག་ཕྱིའི་ཡུན་རིང་སྤྱོད་པའི་ས་ཆ་མུའུ152.29ཡོད་ལ། གནས་སྐབས་ས་ཆ་མུའུ8065.598སྤྱད་ཡོད་པ་དང་། བཀོད་སྒྲིག་བྱ་ཡུལ་གྱི་ས་ཆ་བསྡུ་ལེན་བྱེད་ཚད་མུའུ733.03ཟིན་ལ། བཤིག་སྤོའི་ཁང་བ་བསྡོམས་པས851བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།