“ལྔ་གཅིག”གུང་གསེང་སྐབས་སུ་དཀར་མཛེས་རྫོང་དུ་ཡུལ་སྐོར་བ་ཤིན་ཏུ་མང་པོ་སླེབས།

1.jpg

2.jpg

3.jpg

དཀར་མཛེས་རྫོང་གི་གུང་གསེང་དུས་ཀྱི་ཡུལ་སྐོར་བ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས1ཉིན་གྱི་མཚན་མོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གེ་སར་གནའ་མཁར་རིག་གནས་ཐང་ཆེན་དུ་མེ་ཕུང་དགོང་ཚོགས་དུས་ལྟར་མགོ་བརྩམས་ཤིང་། སྒྲ་དབྱངས་སྙན་མོ་དང་བསྟུན་རྫོང་དམངས་ཁྲོད་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་པ་བརྒྱ་ལྷག་གིས་ལུས་ལ་གཟབ་མཆོར་སྤྲས་ནས་དགའ་ཞིང་སྐྱིད་པའི་བྲོ་གར་འཁྲབ། 

ཡུལ་སྐོར་བ་མང་པོའི་ཡིད་སེམས་བཀུག་ཏེ་ཁོ་ཚོས་དཀར་མཛེས་ལ་རྒྱུས་ལོན་བྱེད་པ་དང་དཀར་མཛེས་ཀྱི་ཡུལ་སྐོར་བ་ཇེ་མང་དུ་གཏོང་ཆེད། “ལྔ་གཅིག”གུང་གསེང་སྐབས་སུ་དཀར་མཛེས་རྫོང་གིས“དགའ་སྤྲོའི་ལྔ་གཅིག•དཀར་མཛེས་ལྗོངས་རྒྱུ”ཞེས་པ་བརྗོད་བྱ་གཙོ་བོར་བཟུང་སྟེ། གནའ་མཁར་དུ་ཡུལ་སྐོར་བྱེད་པ་དང་གནའ་མཁར་ནས་ནོར་བུ་འཚོལ་བ། བྲོ་གར་འཁྲབ་སྟོན། མེ་ཕུང་དགོང་ཚོགས། གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན། ཆུ་ཚན་རོལ་མྱོང་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་རྔམ་བརྗིད་ལྡན་པའི་གེ་སར་གནའ་མཁར་བརྒྱུད་དེ་ཕྱོགས་ཡོངས་ནས་འཛམ་གླིང་ལ་དཀར་མཛེས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དམངས་ཁྲོད་སྒྱུ་རྩལ་ཉམས་འགྱུར་བསྟན་ནས་དམངས་སྲོལ་རིག་གནས་ཀྱི་སྙིང་བཅུད་ཁྱབ་སྤེལ་བྱས། 

ཤེས་རྟོགས་བྱུང་བར་གཞིགས་ན། གེ་སར་གནམ་གྲུ་ཐང་ལ་གནམ་གྲུ་ཤར་གཏོང་བྱས་པ་བརྒྱུད། ཁྲིན་ཏུའུ་ནས་དཀར་མཛེས་རྫོང་གི་ཡུལ་སྐོར་དུས་ཚོད་དེ་སྔོན་ཆད་ཀྱི་དུས་ཚོད10ནས་ད་ལྟའི་དུས་ཚོད2ཙམ་ལ་སླེབས་པ་དང་། “གཟའ་མཇུག་གི་ཡུལ་སྐོར”དང“གུང་གསེང་ཡུལ་སྐོར”སོགས་ཀྱི་དུས་ཡུན་ཐུང་བའི་ཡུལ་སྐོར་ཡང་མངོན་འགྱུར་བྱུང་། “ལྔ་གཅིག”གུང་གསེང་སྐབས་སུ་དཀར་མཛེས་གེ་སར་གནའ་མཁར་མཛེས་ལྗོངས་ཁུལ་དུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོ་ཡོང་ནས་རིགས་སོ་སོའི་རོལ་རྩེད་བྱ་འགུལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཞིང་། ཟླ5པའི་ཚེས2བར་དུ་མཛེས་ལྗོངས་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི2.11སྣེ་ལེན་བྱས་པ་དང་། མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།