བསྟན་འཛིན་ལ་གཟི་བརྗིད་མཚན་སྙན་འདི་འདྲ་ཞིག་ཐོབ།


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ལི་ཐང་བསྟན་འཛིན་ལ2020ལོའི་ཀྲུང་གོའི་རིག་གནས་ཡུལ་སྐོར་གྱི་ཤུགས་རྐྱེན་ལྡན་པའི་མི་སྣའི་མཚན་སྙན་ཐོབ།

སྤྱི་ཟླ4པའི་ཚེས23ཉིན་འབད་འབུངས་ཡར་བརྩོན་ངང་དུས་རབས་གསར་པ་བསྐྱོད། རིག་གནས་དང་ཡུལ་སྐོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཞེས་པས་བརྗོད་བྱ་གཙོ་བོར་བྱས་ཤིང་། མི་དམངས་ཉིན་རེའི་ཚགས་པར་ཁང་གིས་མཛུབ་ཁྲིད་བྱས་པ་དང་། རྒྱལ་ཁབ་སྤྱི་ཚོགས་ཀྱི་ལོ་རྒྱུས་ཞེས་པའི་དུས་དེབ་ཁང་། མི་དམངས་རིག་གནས་ཡུལ་སྐོར་གྱིས་གཙོ་གཉེར་བྱས་པའི་སྐབས་བཞི་པའི་ཀྲུང་གོའི་རིག་གནས་ཡུལ་སྐོར་སྤུས་རྟགས་ཤུགས་རྐྱེན་ཚོགས་ཆེན་ཐོག བསྟན་འཛིན་ལགས་སྤྱི་ལོ2020ལོའི་ཀྲུང་གོའི་རིག་གནས་ཡུལ་སྐོར་གྱི་ཤུགས་རྐྱེན་ལྡན་པའི་མི་སྣར་འོས་སྦྱོར་བྱས་ཡོད་པ་རེད།

1.jpg

2.jpg

ཚོགས་ཆེན་ཐོག་ཏུ། བསྟན་འཛིན་གྱིས་ལྷན་རྒྱས་སྐུ་ཁམས་བཟང་། ང་ནི་བསྟན་འཛིན་ཡིན། མི་དམངས་ཉིན་རེའི་ཚགས་པར་དང་མི་དམངས་རིག་གནས་ཡུལ་སྐོར་ནས་ང་རང་ལ་ཁས་ལེན་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ངས་ཀྱང་མི་དམངས་ཉིན་རེའི་ཚགས་པར་དང་མི་དམངས་རིག་གནས་ཡུལ་སྐོར། ད་དུང་འདིར་བཞུགས་ཀྱི་དགེ་རྒན་རྣམས་དང་མཉམ་དུ། འཇིག་རྟེན་དེ་བས་ཆེ་བ་ཞིག་འཚོལ་ཞིབ་བྱ་རྒྱུའི་རེ་བ་ཡོད། ཐུགས་རྗེ་ཆེ་ཞེས་བརྗོད་པ་རེད། བསྟན་འཛིན་གྱིས་རང་ཉིད་ནས་ཉིན་ལྟར་དགོང་མོ་རྒྱ་ཡིག་སྦྱོང་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། རོལ་དབྱངས་ཀྱང་སློབ་སྦྱོང་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།