དཀར་མཛེས་ཁུལ་འབའ་ཐང་རྫོང་གིས་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ཁྲིམས་འཛིན་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན། དཀར་མཛེས་ཁུལ་འབའ་ཐང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྫོང་སྤྱི་བདེ་ཅུས་དང་རྫོང་རིག་གནས་རླུང་འཕྲིན་ཡུལ་སྐོར་ཅུས་སོགས་ཀྱི་སྡེ་ཁག་དང་མཉམ་འབྲེལ་གྱིས་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པའི་ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད།

ཐེངས་འདིའི་མཉམ་འབྲེལ་ཁྲིམས་འཛིན་ཞིབ་བཤེར་གྱིས་བརྡ་ཁྱབ་པར་སྐྲུན་ཀུང་སིར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་རྟེན་འབྲེལ་བྱེད་སྒོའི་མཚོན་རྟགས་སོགས་དམིགས་བསལ་མཚོན་རྟགས་དག་ཚོང་ལས་རང་བཞིན་གྱི་ཐད་བེད་སྤྱོད་ཡོད་མེད་དང་། “འབྲི་ཆུའི་ཉ”དང་། “རི་སྐྱེས་ཉ”“རི་མཐོའི་ཉ”“ས་མཐོའི་རི་སྐྱེས་ཉ་”སོགས་ཀྱི་ནང་དོན་ལྡན་པའི་སྒྲིག་འགལ་གྱི་བརྡ་ཁྱབ་བཟོ་བའམ་ཡང་ན་པར་གཞི་རྐུ་སྤྱོད་ཀྱིས་དབང་ཆར་བཙན་གནོད་དང་རྫུན་བཟོ་བའི་བྱ་སྤྱོད་ཡོད་མེད་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱེད་སྐབས་ཁྲིམས་འཛིན་མི་སྣས་ད་དུང་གཉེར་སྐྱོང་དུད་ཚང་དུ《དམིགས་བསལ་མཚོན་རྟགས་དོ་དམ་སྲོལ་ཡིག》དང་།《ཚོང་རྟགས་བཅའ་ཁྲིམས》《བརྡ་ཁྱབ་བཅའ་ཁྲིམས》སོགས་ཤེས་བྱའི་བདག་དབང་གི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་མ་ཟད། རྫོང་གྲོང་གི་ཞིང་ལས་ཐོན་རྫས་ཉོ་ཚོང་ཁྲོམ་ར་དང་། ཁྲོམ་གཞུང་གཙོ་བོ། སློབ་གྲྭ་སོགས་གཙོ་གནད་ཁུལ་དུ་ཤེས་བྱའི་བདག་དབང་གི་དྲིལ་བསྒྲགས་བརྡ་ཁྱབ་སྦྱོར་བ་དང་དྲིལ་བསྒྲགས་སྦྱར་ཡིག་མཉམ་གཏོང་བྱས་ནས་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།