རྨ་ཆུའི་ཁུགས་སོ་དང་པོ་སྟེ་མཛོད་དགེའི་རྩྭ་ཐང་གི་མཛེས་ཉམས།

སི་ཁྲོན་འབབ་མཚམས་ཀྱི་རྨ་ཆུའི་བཞུར་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ174ཡོད་པ་དང་། བཞུར་རྒྱུད་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི1.87ཟིན་ལ། རྔ་བ་རྫོང་དང་མཛོད་དགེ་རྫོང་། ཁྱུང་མཆུ་རྫོང་སོགས་རྫོང5རུ་ཁྱབ་ཡོད། རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ལ་རྨ་ཆུའི་ཁུགས་སོ་དང་པོ་ཞེས་པའི་མཚན་སྙན་ལྡན་པ་དང་། དེ་རུ་རྨ་ཆུའི་བཞུར་རྒྱུད་ཀྱི་སི་ཁྲོན་གྱི་ཆེས་མཛེས་པའི་རང་བྱུང་མཛེས་ལྗོངས་ཡོད་ལ། རྨ་ཆུ་ནི་མཛོད་དགེའི་རྩྭ་ཐང་དུ་ཀྱག་ཀྱོག་ངང་མདུན་དུ་བསྐྱོད་བཞིན་རྔམ་བརྗིད་ཀྱི་མཛེས་བ་ཞིག་དང་གསོན་ཉམས་ཀྱིས་ཕྱུག་པའི་སྟངས་སྟབས་ཞིག་ལྷོད་ཀྱིས་མངོན་ཡོང་། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།