རྔ་བ་རྫོང་རྨེ་སྐོར་ཡུལ་ཚོས “གྲོང་གསེབ་ཡུལ་སྐོར+ཀྲུང་ལུགས་གཡོས་སྦྱོར”གྱི་གསོ་སྦྱོང་བྱ་འགུལ་སྤེལ།

1.jpg

གསོ་སྦྱོང་ཡུལ་དངོས།

2.jpg

གཡོས་སྦྱོར་ལག་རྩལ་སློབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཇེ་བརྟན་དང་། རོང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་ནུས་རྩལ་ཇེ་མཐོར་བཏང་སྟེ་ཁོ་ཚོའི་ལས་ཞུགས་དང་རང་བརྟེན་ལས་གཏོད་ནུས་བར་སྐུལ་འདེད་བྱེད་པའི་ཆེད་དུ། ཉེ་ཆར་རྔ་བ་རྫོང་རྨེ་སྐོར་ཡུལ་ཚོས་ཉིན་ལྔ་རིང་གི“གྲོང་གསེབ་ཡུལ་སྐོར+ཀྲུང་ལུགས་གཡོས་སྦྱོར”གྱི་གསོ་སྦྱོང་བྱ་འགུལ་སྤེལ་བ་རེད།

གསོ་སྦྱོང་ཁྲོད་དགེ་རྒན་གྱིས་སློབ་མ་རྣམས་ལ་ཀྲུང་ལུགས་རྒྱུན་ཟས་ཀྱི་གཡོས་སྦྱོར་བྱེད་ཐབས་དང་། རྨང་གཞིའི་ལག་རྩལ། བཟའ་བཅའི་རྒྱུ་ཆ་བདམས་པ། བྲོ་སྨན་སྡེབ་སྒྲིག མེ་ཚོད་འཛིན་སོགས་ཀྱི་ཕྱོགས་ནས་ཞིབ་ཕྲའི་འགྲེལ་བཤད་བྱས་པ་མ་ཟད། གསོ་སྦྱོང་བརྒྱུད་དེ་སློབ་མ་ཚོས་ཀྲུང་ལུགས་གཡོས་སྦྱོར་གྱི་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ནས་ཕྱུག་འགྱུར་འབབ་འཕར་ལ་རོགས་འདེགས་བྱེད་པའི་ལག་རྩལ་ཞིག་བསླབ་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།