ཆུ་ཆེན་རྫོང་གིས་གྲོང་གསེབ་དར་རྒྱས་མུ་མཐུད་དུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཆུ་ཆེན་རྫོང་གིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་སྒུལ་ཤུགས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། རྩ་འཛུགས་སྐུལ་སྤེལ་ལ་བརྟེན་ནས་དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་དང་། གཞི་རིམ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་སྤེལ་བཏང་།

རྩ་འཛུགས་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་མཉམ་ཤུགས་གཅིག་ཏུ་བསྡུས། གཞི་རིམ་ཏང་རྩ་འཛུགས་ཉམས་ཞན་དང་མཐའ་མཚམས་ཅན་སོགས་ཀྱི་གནད་དོན་ལ་དམིགས་ཏེ། རྫོང་རིམ་པའི་འགོ་ཁྲིད1གིས་གནས་ཡུལ་གཏན་འཁེལ་གྱིས་འབྲེལ་གཏུག་དང་། ཧྲུའུ་ཅི་དང་བོ1གིས་གནས་ཡུལ་གཏན་འཁེལ་གྱིས་དམ་འཛིན། ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པ་1གིས་ཡུལ་གནས་གཏན་འཁེལ་གྱིས་མཛུབ་ཁྲིད། རོགས་སྐྱོར་ལས་ཁུངས་1གིས་གནས་ཡུལ་གཏན་འཁེལ་གྱིས་གཏན་འཁེལ་བཞིའི་མཉམ་འགུལ་ལམ་སྲོལ་སྐུལ་སྤེལ་གཏོང་བའི་ལམ་ལུགས་ལག་བསྟར་བྱས། གྲོང་སྡེའི(སྡེ་ཁུལ)ཨུ་ལྷན་གཉིས་ཀྱི་སྐབས་བརྗེ་ནི་གོ་སྐབས་སུ་བྱས་ནས་གྲོང་སྡེའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་ཇེ་ལེགས་སུ་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་བའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་།

ཐོན་ལས་ཀྱིས་འདེགས་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུགས་ཆེ་བར་བཏང་། ཁྱད་ལྡན་ཐོན་ལས་ཆེ་གྲས་བདུན་སྐྱེད་སྲིང་བྱེད་པར་དམིགས་ཏེ། ཅིན་མེ་གླིང་ཁུལ་ནི་ཞིང་ཆེན་གྱི་སྐར་གསུམ་རིམ་པའི་དེང་རབས་ཞིང་ལས་གླིང་དུ་བསྐྲུན། དེར་ཡུལ་ཚོ3དང་གྲོང་རྡལ1། གྲོང་སྡེ8གནས་ཡོད།མདོ་བུ་གྲོང་རྡལ་སེང་གེ་རྫོང་གྲོང་སྡེས་ཀུང་སི་དང་མཉམ་ལས་ཁང་། ཞིང་ཁྱིམ་བཅས་སྦྲེལ་བའི་བྱེད་ཐབས་བརྒྱུད་དེ་ཀྲུང་ལུགས་སྨན་རྫས་བཏབ་པ་དང་། ལྗོངས་སྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་ལ། གྲོང་སྡེ་དབུལ་བོ་དེ་ཐུན་མོང་དཔལ་འབྱོར་གྱི་དཔེ་སྟོན་གྲོང་སྡེར་བསྒྱུར་ནས་ཡོང་འབབ་སྒོར་ཁྲི40ལྷག་ཡོད།

བཅོས་སྐྱོང་མཉམ་འདྲེས་རྒྱུན་འཁྱོངས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བརྩོན་ཤུགས་ཆེ་རུ་བཏང་། བྱེད་སྒོ་ཆེན་པོ་གསུམ་ལ་དམ་འཛིན་བྱས་ཤིང་། འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་དང་། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་གཏིང་ཟབ་བྱས་ལ། ཞི་བདེ་ཆུ་ཆེན་ཞེས་པའིAPPཡི་ནུས་པ་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་བ་དང་ལས་བྱེད་པའི་སྤྱོད་ཚུལ་འགྱུར་ལྡོག་ཆེན་པོ་བྱུང་བས་ལས་བྱེད་པ་ལས་གནས་སུ་མེད་པའི་གནད་དོན་བཅོས་སྒྲིག་བྱས། 


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།