སྲིད་གྲོས་སྐབས་བཅུ་བཞི་བའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཡི་ཚོགས་འདུ་ཐེངས49པ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས17ཉིན། སྲིད་གྲོས་སྐབས་བཅུ་བཞི་པའི་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཡི་ཚོགས་འདུ་ཐེངས49པ་འབར་ཁམས་སུ་འཚོགས་ཤིང་། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་ཉི་མ་འབུམ་གྱིས་ཚོགས་འདུའི་གཙོ་འགན་བཞེས། ཚོགས་འདུ་ལས་སྐབས་བཅུ་གཅིག་པའི་ཁུལ་ཨུའི་རྒྱུན་ཨུ་ཚོགས་འདུ་ཐེངས149པའི་དགོངས་དོན་བརྒྱུད་བསྒྲགས་དང་། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས།《ཀྲུང་གུང་སྲིད་གྲོས་རྔ་བ་ཁུལ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི2021ལོའི་སློབ་སྦྱོང་འཆར་གཞི》དང《སྲིད་གྲོས་ཨུ་ཡོན་ཁྲོད“ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་སེམས་པ་གཅིག་ཏུ་སྒྲིལ”ཞེས་པའི་བརྗོད་གཙོའི་དཔེ་ཀློག་བྱེད་སྒོ་སྤེལ་བའི་སྐོར་གྱི་ལག་བསྟར་ཇུས་གཞི》ལ་ཞིབ་འཇུག་བྱས་པ་དང་། ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་བྱས།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།