རྔ་བ་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་སྲ་བརྟན་ཡོང་བའི་ལས་གཞི་ལ་མ་དངུལ་སྒོར15716གཏོང་རྩིས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་རྔ་བ་རྫོང་གིས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི15716བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་གཞི34ལག་བསྟར་བྱ་རྒྱུ་རེད།

རྔ་བ་རྫོང་གིས་མ་དངུལ་སྒོར་ཁྲི4280.2བཏང་ནས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་གཞི7ལག་བསྟར་དང་། མ་དངུལ་སྒོར་ཁྲི10615.8བཏང་ནས་དབུལ་ཐར་གྲུབ་འབྲས་ཀྱི་ལསགཞི23རྒྱ་ཆེ་རུ་བསྐྱེད་འཆར་ཡོད་ལ། མ་དངུལ་སྒོར་ཁྲི820བཏང་ནས་གྲོང་གསེབ་དར་སྤེལ་གྱི་སྦྲེལ་མཐུད་ནུས་ལྡན་ལས་གཞི4ལག་བསྟར་བྱ་རྒྱུ་རེད། མིག་སྔའི་བར་ལས་རིགས་ནུས་རྩལ་གསོ་སྦྱོང་ལས་གཞི་ལས་མགོ་བརྩམས་ཡོད་པས་ལས་མགོ་རྩོམ་ཚད2.9%ཟིན་ཡོད། རྔ་བ་རྫོང་གི་ས་ཁོངས་ཧྲིལ་བོའི་ཡུལ་སྐོར་བློ་གྲོས་མ་ལག་འཛུགས་སྐྲུན་ལས་གཞི་དྲ་ཐོག་ནས་འོས་སྐུལ་བྱེད་བཞིན་ཡོད་པ་དང་། ལྷག་མའི་ལས་གཞི32ཀྱིས་དུས་མགོའི་ལས་དོན་སྒྲུབ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།