སི་ཁྲོན་སློབ་ཆེན་གྱིས་བོད་ལྗོངས་ཁེ་ལས་དང་མཉམ་འབྲེལ་གྱིས་ཞིབ་འཇུག་རྟེན་གཞི་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས20ཉིན། སི་ཁྲོན་སློབ་ཆེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་བསམ་བློའི་འདུ་ཤེས་ལ་དམིགས་པའི་ཞིབ་འཇུག་རྟེན་གཞི་བཙུགས་ཏེ། བོད་ལྗོངས་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་བྱེད་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ཕྱོགས་གཉིས་པོས་ལྷ་ས་དང་ཉིང་ཁྲིར་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་མཉམ་དུ་འཛུགས་རྒྱུ་ཡིན།

1.jpg

སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲི་ཧྲའོ་ཡིས་གཏམ་བཤད་བཞིན་པ།

སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲི་ཧྲུའོ་ཡིས། སི་ཁྲོན་སློབ་ཆེན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་བསམ་བློའི་འདུ་ཤེས་ལ་དམིགས་པའི་ཞིབ་འཇུག་རྟེན་གཞིས(གཤམ་དུ་རྟེན་གཞི་ཞེས་བསྡུ་རྒྱུ)བོད་འབྲེལ་ཞིབ་འཇུག་གཙོ་གནད་དང་ཁྱད་ཆོས་ལ་བརྩི་བ་དང་། བོད་འབྲེལ་དང་ཀྲུང་ཧྭའི་མི་རིགས་ཁག་གི“ཐུན་མོང་བཞི”(མངའ་ཁོངས་དང་ལོ་རྒྱུས། རིག་གནས། སྙིང་སྟོབས)བཅས་ཞིབ་འཇུག་གི་ཁ་ཕྱོགས་སུ་སུ་བཟུང་ནས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུ་བ། རྟེན་གཞི་འདིས་གྲོས་མཐུན་འཇོག་པ་གོ་སྐབས་སུ་བྱེད་པ་དང་ཞིབ་འཇུག་རྟེན་གཞི་ལས་སྟེགས་དང་གཞི་རྟེན་དུ་བྱས་ནས་ཇི་ལྟར་ཁེ་ལས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་ཀྱི་གཞུང་ཁོངས་ཁེ་ལས་ཆེ་འབྲིང་གི་དགེ་མཚན་ལྡན་པའི་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པར་འཚོལ་ཞིབ་བྱ་རྒྱུ་ཡིན་པར་བརྗོད།

2.jpg

བོད་ལྗོངས་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དགེ་ལེགས་པ་སངས་ཀྱིས་གཏམ་བཤད་བཞིན་པ།

བོད་ལྗོངས་སའི་གོ་ལའི་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དགེ་ལེགས་པ་སངས་ཀྱིས་ཀུང་སིས“སའི་གོ་ལའི་སྣེ་གསུམ་པ”དེ་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་སུ་བཏོད་དེ་བོད་ལྗོངས་ཞིང་ཕྱུགས་ལས་སོགས་ཀྱི་ལེགས་ཆ་ལྡན་པའི་ཁྱད་ལྡན་ཐོན་ལས་ཕུགས་ཕན་འཕེལ་རྒྱས་གཏོང་བར་གཞི་ཚུགས་རྒྱུ་ཡིན་པར་ངོ་སྤྲོད་བྱས། ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་སུ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བཙུགས་ནས་སི་ཁྲོན་གྱི་དགེ་རྒན་ཆེན་མོ་དང་སློབ་མར་ཡུལ་དངོས་བརྟག་དཔྱད་གཏིང་ཟབ་བྱེད་པར་མཐུན་རྐྱེན་བསྐྲུན་ཏེ། རྟེན་གཞི་དང་ཕུགས་ཕན་གྱི་མཉམ་ལས་ལམ་སྲོལ་བཙུགས་ནས་བསམ་བློ་བརྗེ་རེས་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རེ་བ་བྱེད་ཀྱི་ཡོད་པར་བརྗོད།

3.jpg

ཕྱོགས་གཉིས་ཀྱིས་མཉམ་ལས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད།

ཧྲི་ཧྲའོ་དང་དགེ་ལེགས་པ་སངས་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ཕྱོགས་གཉིས་པོས་འཐབ་ཇུས་བློ་འདྲི་དང་ཇུས་འདོན་ཚོགས་པ་འཛུགས་སྐྱོང་། ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར། ཤེས་ལྡན་པ་གསོ་སྐྱོང་དང་བསམ་བློ་བརྗེ་རེས། སློབ་གསོའི་མཉམ་ལས་དང་ཞབས་ཞུའི་འགན་ལེན་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་དང་འཕེལ་རྒྱས་དོན་གཉེར་གྱིས་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་པར་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།