བཙན་ལྷ་རྫོང་གིས་མཐོ་སྒང་སྐྱེ་ཁམས་སྔོ་ཚལ་ར་བར་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་སྐྱོར་བྱས།

1.jpg

མཐོ་སྒང་གི་སྐྱེ་ཁམས་སྔོ་ཚལ་ར་བ།

2.jpg

ཞིང་བ་རྣམས་ཀྱིས་དྲོད་ཁང་དུ་ལས་ཀ་ལས་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས20ཉིན། རྔ་བ་ཁུལ་བཙན་ལྷ་རྫོང་ཧྥུ་པེན་ཤང་ལིའང་ཐེ་གྲོང་ཚོའི་སྐྱེ་ཁམས་སྔོ་ཚལ་རྟེན་གཞིའི་དྲོད་ཁང་ཆེན་མོ་རུ་ཞིང་བ་རྣམས་ཡུར་མ་ཡུར་བའི་ལས་ལ་བྲེལ་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་། བཙན་ལྷའི་མཐོ་སྒང་སྐྱེ་ཁམས་སྔོ་ཚལ་ར་བས“ར་བ+ཀུང་སི+མཉམ་ལས་ཁང+རྟེན་གཞི+ཞིང་དུད”ཀྱི་མངགས་ཐོའི་ཐོན་སྐྱེད་རྣམ་པ་བེད་སྤྱོད་གང་ལེགས་བྱས་ནས། ས་གནས་ཀྱི་བེད་སྤྱོད་བྱས་མེད་པའི་ཞིང་ས་ཡང་བསྐྱར་བེད་སྤྱོད་བྱས་པ་བརྒྱུད། ཞིང་བ་རྣམས་ལས་ཞུགས་བྱེད་པར་སྐུལ་འདེད་དང་། ཞིང་དུད་མངགས་བཅོལ་མངགས་ཐོའི་འདེབས་འཛུགས་སོགས་ཀྱི་བྱེད་ཐབས་ཀྱིས་སྐྱེ་ཁམས་སྔོ་ཚལ་འདེབས་འཛུགས་གཞི་ཁྱོན་མུའུ1300དང་། ལོ་རེའི་མངགས་ཐོའི་ཕྱིར་ཚོང་བྱེད་ཚད་ཏུན3800བཅས་ལ་ཟིན་ནས་བཙན་ལྷ་རྫོང་གི་ཞིང་དུད600རེ་རེའི་ཆ་སྙོམས་སྒོར12000གིས་ཡོང་སྒོ་ཇེ་མང་དུ་བཏང་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།