རྔ་བ་ཁུལ་གྱི2021ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན“གཞི་རིམ་དུ་སྐྱེལ་བ་གསུམ”དང་ཁྲིམས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱ་འགུལ་སྤེལ་མགོ་ཚུགས་པ།

1.jpg

རྒྱུ་ཆ་སྤྲོད་པ། 

2.jpg

འོས་འགན་བརྟག་དཔྱད་ཞབས་ཞུ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས20ཉིན། རྔ་བ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་མགོ་འཛིན་བྱས་པའི་རྔ་བ་ཁུལ་གྱི“ཏང་གི་ལོ་རྒྱུས་སློབ་པ། ཏང་གི་བཀའ་དྲིན་དྲན་པ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ”ཞེས་པའི་རིག་གནས་ཚན་རྩལ་འཕྲོད་བསྟེན“གཞི་རིམ་དུ་སྐྱེལ་བ་གསུམ”དང་ཁྲིམས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱ་འགུལ་དེ་ཧུང་ཡོན་རྫོང་ལུང་ཟི་གྲོང་རྡལ་དུ་སྤེལ་མགོ་ཚུགས།

བྱ་འགུལ་ཁྲོད་བདེ་ཐང་འོས་འགན་བརྟག་དཔྱད་དང་། ཚན་རིག་ཁྱབ་གདལ་དྲིལ་སྒྲོག། ཁྱིམ་མིའི་མཉམ་པར་ལེན་པ་སོགས་ཀྱི་རྣམ་པ་མང་པོས་མང་ཚོགས་ཀྱི་ཡིད་སེམས་བཀུག་ཅིང་ཡུལ་དངོས་སུ་མང་ཚོགས་རྣམས་ལ་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་ཚན་རྩལ་ལོངས་སུ་སྤྱོད་ཐུབ་པར་གྱུར།

ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་བྱ་འགུལ་ནང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་བཅུ་བ་བཅས་ཀྱི་བླང་བྱ་གཙོ་བོ་ནན་ཏན་གྱིས་དྲིལ་སྒྲོག་དང་ལག་བསྟར་བརྒྱུད། གོམ་གང་མདུན་སྤོས་ཀྱིས་རོང་འབྲོག་ཁུལ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། གྲོང་གསེབ་ཀྱི་གཞི་རིམ་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། ། 

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།