འབར་ཁམས་གྲོང་ཁྱེར་གྱིས་ཁོངས་ཡོངས་ཡུལ་སྐོར་མ་ལག་བཙུགས་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

1.jpg

2.jpg

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་གྱིས“ལྗང་མདོག་སྐྱེ་ཁམས་ཡུལ་སྐོར་གྲོང་ཁྱེར་དང་། གྲོང་གསེབ་ཀྱི་སྤྲོ་གསེང་གནས་མཆོག ཡུལ་སྐོར་བྱེད་ས་གལ་ཆེན་འཛུགས་སྐྲུན”བཅས་ལ་དམིགས་ཏེ་ཁོངས་ཡོངས་ཡུལ་སྐོར་མ་ལག་སྐྲུན་ནས་འབར་ཁམས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་།

ཤེས་རྟོགས་བྱུང་བར་གཞིགས་ན། འབར་ཁམས་ནི་སི་ཁྲོན་ནུབ་བྱང་རྒྱུད་དུ་གནས་ཤིང་། དེ་ནི་རྔ་བ་ཁུལ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གཏོགས་པ་དང“མཐོ་སྒང་གི་མུ་ཏིག”ཅེས་པའི་མཚན་སྙན་ཡོད། 2020ལོའི་སི་ཁྲོན་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལས་མངོན་པ་ལྟར་ན། ད་ལྟ་འབར་ཁམས་སུ་རིག་གནས་ཡུལ་སྐོར་ཐོན་ཁུངས17719ཡོད་པའི་ནང་ཡུལ་སྐོར་རིགས་ཀྱི་ཐོན་ཁུངས་ཞིབ་བཤེར1065ཙམ་ཡོད།

རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་འབར་ཁམས་ཀྱིས་རྒྱུན་མཐུད་ངང་ཕྱི་རོལ་ལ་གྲོང་ཁྱེར་མིང་བྱང་འོས་སྦྱོར་བྱས་ཏེ། ལོ་འགའི་རིང་ལ་འབར་ཁམས་ཀྱིས“རྒྱལ་རོང་སྐོར་བྲོ་རིག་གནས་ཡུལ་སྐོར་དུས་ཆེན”དང“ཨ་ལའེ་སྙན་ངག་དུས་ཆེན”སོགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་རབ་དང་རིམ་པ་སྤེལ་ནས་ས་གནས་ཀྱི་སྐད་གྲགས་དང་མཚན་སྙན་རྒྱས་པ་རེད། 2021ལོའི་ཟླ3པར་སྐབས་དགུ་བའི་སི་ཁྲོན·ཁྲེང་ཀྲུའུ་སྒེར་འཁོར་བཏང་ནས་མེ་ཏོག་ལ་གཟིགས་པའི་དུས་ཆེན་གྱི་བྱ་འགུལ་ཁྲོད། འབར་ཁམས་ཀྱིས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་པའི་འགྲེམས་སྟོན། ཁྱད་ལྡན་ཞིང་ལས་ཐོན་རྫས་སོགས་ཀྱི་རྣམ་པ་ཡིས་མི་རྣམས་ལ་འབར་ཁམས་ཀྱི་མི་ཆོས་གོམས་སྲོལ་ཉམས་སུ་མྱོང་བར་བཅུག

དུས་མཚུངས་སུ་འབར་ཁམས་ཀྱིས་ཡུལ་སྐོར་ལས་གཞི་འཛུགས་སྐྲུན་དེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བྱ་བ་གལ་ཆེན་ཞིག་ཏུ་བཟུང་ནས་སྤུས་ལེགས་ཡུལ་སྐོར་ལས་གཞི་དང་ཐོན་རྫས་གསར་སྤེལ་བྱས་ཤིང་། གཞན་ཡང་རྒྱལ་རོང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་འབར་ཁམས་ཀྱིས་མུ་མཐུད་དུ་སྲོལ་རྒྱུན་རིག་གནས་ཡུལ་སྐོར་དང་སྤྲོ་གསེང་ཡུལ་སྐོར་སོགས་མཐོར་འདེགས་བཏང་ནས་ཡུལ་སྐོར་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ནང་བཞག་ཅིང་སྤྲོ་གསེང་ཡུལ་སྐོར་གྲོང་ཁྱེར་སྐྲུན།

གྲོང་གསེབ་ཡུལ་སྐོར་ནི་འབར་ཁམས་ཀྱིས་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བྱ་བ་གཙོ་བོ་ཡིན་ལ། འབར་ཁམས་གྲོང་ཁྱེར་གྱིས་མུ་མཐུད་དུ་གྲོང་གསེང་ཡུལ་སྐོར་དཔེ་སྟོན་གྲོང་གསེབ་བཙུགས་ཏེ། གྲོང་གསེབ་ཡུལ་སྐོར་གྲགས་ཅན་འཛུགས་སྐྲུན་སྔར་ལས་མགྱོགས་སུ་བཏང་ཡོད། 

ཡུལ་སྐོར་བ་རྣམས་ལ་སྟབས་བདེ་བཟོ་ཆེད། འབར་ཁམས་ཀྱིས་འགྲིམ་འགྲུལ་ཕྱོགས་ནས་ཁག་ཐེག་བྱས་ཤིང་། གནོད་འཚེ་ཐེབས་པའི་གཞུང་ལམ་སྐོར་ལ་ཞིག་གསོ་བཅོས་སྐྱོང་དང་། ལྗོངས་ཁུལ་བར་གྱི་གཞུང་ལམ་འཛུགས་སྐྲུན་འཆར་འགོད། གཞུང་ལམ་སྲ་འགྱུར་སོགས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་ནས་སྔར་ལས་ལྷག་པའི་ངང་སྒྲིག་སྲོལ་དག་འཐུས་ཚང་དུ་བཏང་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།