མཛོད་དགེའི་འབྲི་གཡག་དང་བོད་ཕག་སོགས་ལ“རྒྱལ་ཁབ་ས་ཁམས་ཞིང་ལས་ཐོན་རྫས”ཀྱི་མཚན་སྙན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ལས་གྲོང་གསེབ་པུའུ་གཞུང་ཕྱོགས་དྲ་ཚིགས་ཀྱིས2021ལོའི་རྒྱལ་ཡོངས་ཀྱི་སྐོར་དང་པོའི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་བཀོད་ཐོན་རྫས186སྤྱི་བསྒྲགས་བྱས་པའི་ནང་སི་ཁྲོན་ཞིང་ཆེན་གྱི་ཞིང་ལས་ཐོན་རྫས8ཚུད་ཡོད་པ་དང་། རྔ་བ་ཁུལ་མཛོད་དགེ་རྫོང་གི་འབྲི་གཡག་དང་བོད་ཕག བོད་ལུག་བཅས་ལ“རྒྱལ་ཁབ་ས་ཁམས་ཞིང་ལས་ཐོན་རྫས”ཀྱི་མཚན་སྙན་ཐོབ་ཡོད།

ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ལྗང་མདོག་དང་སྐྱེ་ལྡན། ས་ཁམས་མཚོན་རྟགས་སྲུང་སྐྱོང་སྙན་ཞུ་ལས་དོན་ཐད་སྐུལ་འདེད་བཏང་ནས། 2021ལོར་རྔ་བ་ཁུལ་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཟུང་ཆུ་རྫོང་དང་ཁྲོ་ཆུ་རྫོང་། ཅིན་ཁྲོན་རྫོང་སོགས་ཀྱི་ས་གནས་རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་ལོ་རྒྱུས་མི་ཆོས་རྒྱུ་ཆ་མཚོན་ཐུབ་པའི་རྫོང་འགའ་རྩ་འཛུགས་བྱས་ཏེ་ས་ཁོངས་ལས་མིང་ཐོགས་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རིགས6རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ནང་སྙན་ཞུ་ཕུལ་ཞིང་། མིག་སྔར་ཞིང་ཆེན་རིམ་པའི་དཔྱད་འདེམས་བྱེད་བཞིན་ཡོད་དེ། ཟླ8པའི་ཟླ་དཀྱིལ་དུ་ཞིང་ལས་གྲོང་གསེབ་པུའུ་ལ་སྙན་ཞུ་འབུལ་རྩིས་ཡོད།

མིག་སྔའི་བར་དུ་རྔ་བ་ཁུལ་གྱི“རྫས་གསུམ་རྟགས་གཅིག”གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་གྲངས་ཀ200ཡན་ཟིན་པ་དང་། “དག་ཞིང་རྔ་བ”ཡི་ས་ཁོངས་སྤྱི་པའི་ཚོང་རྟགས་སྐྲུན་པར་རྒྱབ་སྐྱོར་ལེགས་པོ་ཐོབ། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།